དབུ་ཤོག>གསར་འགྱུར།
  • ཁྲེང་ཏུའུ་རུ་བཅའ་སྡོད་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་དོན་གཅོད་ཁྲུའི་སྨན་ཁང་གི་ཁ་གཏད་རོགས་སྐྱོར་སྨན་བཅོས་རུ་ཁག་ཁག་བརྒྱད་པས་མི་སེར་གྱི་བདེ་ཐང་གི་ཕོ་ཉ་ཡག་པོ་ཞིག་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  次旦多吉   |     སྤེལ་དུས།  2021-05-21

    2017ལོ་ནས་བཟུང་ཁྲེང་ཏུའུ་རུ་བཅའ་སྡོད་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་དོན་གཅོད་ཁྲུའི་སྨན་ཁང་གི་ཁ་གཏད་རོགས་སྐྱོར་སྨན་བཅོས་རུ་ཁག་གིས་ཨ་མདོ་རྫོང་དུ་ཁ་གཏད་རོགས་སྐྱོར་ལས་དོན་སྤེལ་ཞིང་། 2020ལོའི་ཟླ་12པར་ཁྲེང་ཏུའུ་རུ་བཅའ་སྡོད་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་དོན་གཅོད་ཁྲུའི་སྨན་ཁང་གི་ཁ་གཏད་རོགས་སྐྱོར་སྨན་བཅོས་རུ་ཁག་ཁག་བརྒྱད་པའི་རུ་མི་6ཨ་མདོར་འབྱོར་བ་རེད། ས་མཐོར་ཡོང་ཐེངས་དང་པོ་ཡིན་པའི་རུ་མི་3ས་མཐོ་མི་འཕྲོད་པར་ཡུན་རིང་གཉིད་སྨན་བཟས་ནས་གཉིད་ཁུག་ཐབས་བྱེད་དགོས་བྱུང་མོད། འོན་ཀྱང་ཁོང་ཚོས་རུ་ཁག་གི་རྐང་པ་མི་འཐེན་པར་མགྱོགས་མྱུར་ལས་དོན་ཁག་ནང་ཞུཌ།

    “ང་ཚོས་རོགས་སྐྱོར་ལས་དོན་སྤེལ་བའི་ཐོག་མའི་བསམ་འདུན་དང་འགན་འཁྲི་ནི་ཨ་མདོ་རྫོང་གི་མང་ཚོགས་ལ་སྤུས་ལེགས་ཀྱི་སྨན་བཅོས་ཞབས་ཞུ་མཁོ་འདོན་དང་མི་སེར་གྱི་བདེ་ཐང་ལ་གཡས་གཞོགས་གཡོན་འདེགས་བྱེད་རྒྱུ་དེ་ཡིན”ཁྲེང་ཏུའུ་རུ་བཅའ་སྡོད་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་དོན་གཅོད་ཁྲུའི་སྨན་ཁང་གི་ཨ་མདོ་རྫོང་ལ་ཁ་གཏད་རོགས་སྐྱོར་བྱེད་མཁན་ཁག་བརྒྱད་པའི་སྨན་བཅོས་རུ་ཁག་གི་རུ་དཔོན་ཁྲེང་ཏུའུ་རུ་བཅའ་སྡོད་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་དོན་གཅོད་ཁྲུའི་སྨན་ཁང་གི་ཡོན་ཀྲང་གཞོན་པ་ཝུའུ་ཡུན་ཧུང་གིས་ངོ་སྤྲོད་བྱས་དོན། སྨན་བཅོས་རུ་ཁག་གིས་གནད་དོན་དངོས་ཤེས་རྟོགས་གཏིང་ཟབ་བྱས་ཁར། ནུས་ཤུགས་ཡོད་རྒུས་ཨ་མདོ་རྫོང་མི་དམངས་སྨན་ཁང་ལ་སྨན་ཁང་གི་འགོ་ནད་དོ་དམ་ལས་དོན་ཚད་ལྡན་དུ་གཏོང་རོགས་བྱས་པ་མ་ཟད། དུས་ཐོག་ཏུ་ཨ་མདོ་རྫོང་ཨུད་དང་། རྫོང་སྲིད་གཞུང་། ཁྲེང་ཏུའུ་རུ་བཅའ་སྡོད་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་དོན་གཅོད་ཁྲུའི་སྨན་ཁང་བཅས་དང་འབྲེལ་གཏུག་མཐུན་སྦྱོར་བྱས་ཏེ། ཨ་མདོ་རྫོང་མི་དམངས་སྨན་ཁང་དུ་ཁྲེང་ཏུའུ་རུ་བཅའ་སྡོད་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་དོན་གཅོད་ཁྲུའི་སྨན་ཁང་གི་ས་བབ་མཐོ་བའི་ཞིབ་འཇུག་ཁང་བཙུགས་པ་དང་ནད་ཐོག་དང་ཞིབ་འཇུག་སྒྲིག་ཆས་སྒྲིག་སྦྱོར་བྱས་ནས་ས་བབ་ཤིན་ཏུ་མཐོ་བས་སྨན་བཅོས་ཡོ་བྱད་ལ་ཤུགས་རྐྱེན་ཐེབས་ཚུལ་ལ་ཞིབ་འཇུག་བྱེད་འགོ་ཚུགས་ཡོད། དེ་དང་ཆབས་ཅིག་རྒྱུན་དུ་འོས་འགན་སྨན་བཅོས་བྱེད་སྒོ་སྤེལ་ཞིང་། མིག་སྔའི་བར་སྨན་བཅོས་རུ་ཁག་གིས་ས་གནས་དེ་གའི་ལས་བྱེད་ལས་བཟོ་450ལ་རུས་སོབ་ཀྱི་ནད་ཡོད་མེད་དང་། ཁ་སྦུག་ལ་བརྟག་དཔྱད། ཁྲག་དང་གཅིན་པར་བརྟག་དཔྱད་སོགས་བརྟག་དཔྱད་སྣ་ཚོགས་བྱས་པ་དང་། བདེ་ཐང་ཡིག་ཚགས་བཟོས་པ་མ་ཟད། བརྟག་དཔྱད་བྱས་འབྲས་ལ་དམིགས་ནས་གཅིག་གཏད་གཅིག་གི་སྙན་ཞུ་གསལ་འགྲེལ་ཡང་བྱས་པ་རེད།

    “ས་བབ་ཤིན་ཏུ་མཐོ་བས་ས་མཐོའི་ཕྲ་ཕུང་དམར་པོ་མང་དུ་ཕྱིན་པའི་ནད་པ་མང་པོ་ཡོད་པའི་ནང་ནས་ལ་ལའི་བདེ་ཐང་དང་རྒྱུན་གཏན་གྱི་འཚོ་བར་ཤུགས་རྐྱེན་ཚབས་ཆེན་བཟོས་ཡོད། ང་ཚོས་ཁྲག་གཏར་བའི་ཆ་རྐྱེན་དང་མཐུན་པའི་ས་མཐོའི་ཕྲ་ཕུང་དམར་པོ་མང་དུ་ཕྱིན་པའི་ནད་པར་གཏར་ཁ་བརྒྱབ་ནས་སྨན་བཅོས་བྱས་པས་གཏར་ཁ་བརྒྱབ་རྗེས་ནད་པའི་ནད་རྟགས་མངོན་གསལ་དོད་པོས་ཞི་ལྷོད་དུ་ཕྱིན་ཡོད། ང་ཚོས་ད་ལྟ་ས་མཐོའི་ཕྲ་ཕུང་དམར་པོ་མང་དུ་ཕྱིན་པའི་ནད་ལ་གཏར་ཁ་བརྒྱབ་ནས་སྨན་བཅོས་བྱས་པའི་ཕན་པ་ཐོབ་ཚད་དང་གཏར་ཁ་བརྒྱབ་ཚད་སོགས་ཀྱི་གནད་དོན་ལ་སྔར་བས་ཚོད་སྐོར་བྱས་ཏེ། ཅུང་འཐུས་སྒོ་ཚང་བའི་ས་མཐོའི་ཕྲ་ཕུང་དམར་པོ་མང་དུ་ཕྱིན་པའི་ནད་བརྟག་སྨན་བཅོས་ཀྱི་ནད་སྐྱོང་བརྒྱུད་རིམ་བཟོ་བཞིན་ཡོད། ས་བབ་ཤིན་ཏུ་མཐོ་བའི་ལས་དོན་མི་སྣའི་བདེ་ཐང་ལ་ལྟ་རྟོག་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས་པའི་རྒྱལ་ཁབ་ཀྱི་འབོད་སྐུལ་དང་ལེན་བྱ་ཆེད། སྨན་བཅོས་རུ་ཁག་གིས་ད་དུང་ནད་པ་ཁག་གཅིག་ལ་བདེ་ཐང་གི་སྔོན་བརྡའི་ནུས་པ་ལྡན་པའི་གྱོན་ཆོག་པའི་སྒྲིག་ཆས་བཏགས་ཡོད། བདེ་ཐང་བརྟག་དཔྱད་དེ་མི་སྒེར་གྱི་གྲངས་གཞི་ཆེ་མོ་དང་དྲ་ཕྱིའི་སྨན་བཅོས་དང་ཟུང་འབྲེལ་བྱས་པ་བརྒྱུད། ས་བབ་མཐོ་བའི་ས་ཁུལ་དུ་སྤྱོད་རྒྱུར་འཚམ་པའི་བདེ་ཐང་སྐུལ་འདེད་མ་ལག་དང་ཚེ་སྲོག་འགན་སྲུང་མ་ལག་ཧུར་ཐག་བཙུགས་ཡོད”ཅེས་ཝུའུ་ཡུན་ཧུང་གིས་བཤད།

    ཁྲེང་ཏུའུ་རུ་བཅའ་སྡོད་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་དོན་གཅོད་ཁྲུའི་སྨན་ཁང་གི་ཁ་གཏད་རོགས་སྐྱོར་སྨན་བཅོས་རུ་ཁག་ཁག་བརྒྱད་པའི་རུ་མི་ཡོངས་ཀྱིས་ཨ་མདོ་རྫོང་གི་ལས་བྱེད་པ་དང་མང་ཚོགས་ཀྱི་བདེ་ཐང་སྲུང་སྐྱོང་བྱས་ནས་བདེ་ཐང་གི་ཕོ་ཉ་ཡག་པོ་ཞིག་བྱེད་པའི་དམིགས་ཚད་དེ་སྔ་བར་ཕྱི་གསུམ་དུ་འབད་འཐབ་ཆེར་སྐྱེད་ཀྱིས་སྒྲུབ་བཞིན་ཡོད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།