དབུ་ཤོག>གསར་འགྱུར།
  • ཆབ་མདོ་གྲོང་ཁྱེར་གྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་ལས་དོན་གཏིང་ཟབ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-05-21

    ལོ་སྟོད་དུ་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི་དྲ་ཚུགས་ཐོག རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་དང་དཔེ་སྟོན་ཚན་པ་ཁག་བརྒྱད་པའི་མིང་འདོགས་རྒྱུའི་སྐོར་གྱི་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་གྱི་གཏན་འབེབས་ཡོངས་བསྒྲགས་བྱས་པ་དེའི་གྲས་སུ་ཆབ་མདོ་གྲོང་ཁྱེར་ཚུད་ཡོད་པ་རེད། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་ཆབ་མདོ་གྲོང་ཁྱེར་མི་རིགས་ལས་དོན་ཨུ་ལྷན་གྱིས་དྲིལ་བསྒྲགས་སློབ་གསོ་དང་སྐུལ་ལྕག་གཟེངས་བསྟོད་གཞི་རྟེན་དུ་བྱས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་ལས་དོན་ལ་སྐུལ་འདེད་ཤུགས་ཆེན་བཏང་བས། ཆབ་མདོ་གྲོང་ཁྱེར་གྱི་མི་རིཌ་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་གཏིང་ཟབ་བྱུང་བ་མ་ཟད། ཀྲུང་ཧྭ་མི་རིགས་ལས་དབང་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཀྱང་ཟམ་མི་ཆད་པར་ཟབ་ཏུ་སོང་ཡོད།

    ཆབ་མདོ་གྲོང་ཁྱེར་གྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་ལས་དོན་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་སྟེ་ཆེད་མངགས་གཞུང་ལས་ཁང་བཙུགས་པ་མ་ཟད། རྫོང(ཆུས)11ནས་མི་སྣ་སྐོང་འཐེན་གྱིས་ཆེད་དོན་ཚན་ཁག་བཙུགས་ཏེ་དམིགས་སུ་བཀར་ནས་ལས་དོན་དེ་བསྒྲུབས་པ་རེད།

    2020ལོར་མི་རིགས་མཐུན་སྒྲིལ་གཏོད་པའི་ཆེད་དོན་གསོ་སྦྱོང་འཛིན་གྲྭ་དུས་ཐེངས་4གཉེར་ནས། རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་གྲོང་ཁྱེར་གཏོད་པའི་ལས་དོན་ལ་ཤེས་ལྡན་མི་སྣའི་རྒྱབ་སྐྱོར་བྱས་པ་རེད།

    ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་གོ་རིམ་ཚད་ལྡན་དུ་བཏང་ཞིང་། སྔ་རྗེས་སུ《ཆབ་མདོ་གྲོང་ཁྱེར་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་གྲོང་ཁྱེར་བརྩོན་ལེན་ཧུར་ཐག་བྱེད་པའི་སྤྱིའི་ལག་བསྟར་ཇུས་གཞི》དང《མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་ལས་དོན་གྱི་འཆར་གཞི》སོགས་མཛུབ་ཁྲིད་རང་བཞིན་གྱི་ཡིག་ཆ་བཟོས་ནས་བཀྲམ་སྟེ། རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་གྲོང་ཁྱེར་གཏོད་པའི་ལས་དོན་རྒྱུན་མཐུད་གཏིང་ཟབ་སྤེལ་རྒྱུར་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་པ་རེད།

    ཕྱོགས་གསུམ་པའི་ཚོད་སྐོར་ཚོགས་ཆུང་དང་དེ་བཞིན་རིམ་པ་ཁག་དང་རིགས་ཁག་གི་ཞིབ་བཤེར་ལྟ་སྐུལ་མཛུབ་ཁྲིད་ཀྱི་ཚུར་ལན་བསམ་འཆར་དུས་ཐོག་ཏུ་ཕྱོགས་སྡོམ་བྱས་ཏེ་དག་ཐེར་གྱི་ལས་འགན་ཞིབ་ཚཌ་སུ་བཏང་བ་དང་། སྒྲུབ་སྐུལ་བརྡ་ཐོ་གཏོང་བ་སོགས་ཀྱི་བྱེད་ཐབས་སྤྱད་དེ་རྫོང(ཆུས)11དང་གྲོང་ཁྱེར(ཀྲུང་དབྱང་དང་རང་སྐྱོང་ལྗོངས)ཐད་གཏོགས་ཚན་པ་ཁག་ལ་བསྐུར་ནས་ཚན་པ་ཁག་གི་མི་འདང་ས་དང་ཞན་ཆར་དུས་བཀག་དག་ཐེར་བྱེད་དགོས་པའི་བླང་བྱ་བཏོན་པ་རེད། ཆེད་དོན་ཚོགས་ཆུང་བཙུགས་ཏེ“ཕྱིར་མིག་ལྟ་བའི”ལས་དོན་ཐེངས་མང་སྤེལ་ནས་གནད་དོན་དག་ཐེར་བྱས་ཚུལ་ལ་ས་གནས་ས་ཐོག་ཏུ་ལྟ་སྐུལ་ཞིབ་བཤེར་བྱས་ཏེ་གནད་དོན་དག་ཐེར་དོན་ཐོག་ཏུ་འཁྱོལ་བའི་འགན་ལེན་བྱས་པ་རེད། དེ་དང་དུས་མཚུངས་རྫོང(ཆུས)ཁག་ལ་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་ལས་དོན་གྱི་མ་དངུལ་བཀོད་སྒྲིག་གི་ལས་དོན་ལ་ཤུགས་སྣོན་བརྒྱབ་སྟེ་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་ལས་དོན་གྱི་མ་དངུལ་འདང་ངེས་དང་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད། ན་ནིང་ཟླ་6པར་ཆབ་མདོ་གྲོང་ཁྱེར་ཕྱོགས་གསུམ་པའི་དཔྱད་དཔོག་ཐུབ་པ་དང་། ཟླ་10པར་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་ལས་དོན་ཚོགས་ཆུང་གི་ཞིབ་བཤེར་རྩིས་ལེན་དང་བརྟག་ཞིབ་དང་ལེན་བྱས་པ་མ་ཟད། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་གྱི་མཐའ་མའི་དཔྱད་དཔོག་ཐུབ་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།