དབུ་ཤོག
  • གཟའ་འཁོར་འདིའི་གནམ་གཤིས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-05-18

    གཅིག གཟའ་འཁོར་འདིའི་གནམ་གཤིས་སྔོན་བརྡ(2021ལོའི་ཟླ་5ཚེས་17ནས་23ཉིན་བར)

    གཟའ་ཟླ་བ་དང་མིག་དམར་ལ་ཉིང་ཁྲི་དང་ལྷོ་ཁའི་ལྷོ་རྒྱུད་དུ་གནམ་འཐིབས་ནས་ཆར་པ་ཆུང་བ་ནས་འབྲིང་བའི་བར་འབབ་རྒྱུ་དང་ས་ཆ་ཁག་གཅིག་ལ་ཆར་པ་ཆེ་བ་འབབ་རྒྱུ། ནག་ཆུའི་ཤར་རྒྱུད་དང་། ཆབ་མདོའི་བྱང་རྒྱུད། མངའ་རིས་ཀྱི་ལྷོ་རྒྱུད། གཞིས་རྩེའི་ལྷོ་རྒྱུད་བཅས་སུ་སྤྲིན་པ་མང་པོ་འཁོར་ནས་ཆར་པ(གངས)ཆུང་བ་འབབ་རྒྱུ་དང་ས་ཆ་ཁག་གཅིག་ལ་ཆར་པ(གངས)འབྲིང་བ་འབབ་རྒྱུ།

    གཟའ་ལྷག་པ་ནས་པ་སངས་བར་མངའ་རིས་ཀྱི་ལྷོ་ནུབ་རྒྱུད་དང་གཞིས་རྩེའི་ལྷོ་རྒྱུད་དུ་ཆར་པ(གངས)ཆུང་བ་ནས་འབྲིང་བའི་བར་འབབ་རྒྱུ་དང་ས་བབ་མཐོ་བའི་ས་ཆ་ཁག་གཅིག་ལ་གངས་ཆེ་བ་ནས་ཧ་ཅང་ཆེན་པོ་འབབ་རྒྱུ། ཉིང་ཁྲིའི་ལྷོ་རྒྱུད་དང་ལྷོ་ཁའི་ཤར་ལྷོའི་རྒྱུད་དུ་ཆར་པ་ཆུང་བ་ནས་འབྲིང་བའི་བར་འབབ་རྒྱུ། ས་ཆ་ཁག་གཅིག་ལ་ཆར་པ་ཆེ་བ་འབབ་རྒྱུ། ནག་ཆུ་དང་། ཆབ་མདོ། མངའ་རིས་བྱང་རྒྱུད་བཅས་སུ་གནམ་འཐིབས་ནས་ཆར་པ(གངས)ཆུང་བ་ནས་འབྲིང་བའི་བར་འབབ་རྒྱུ།

    གཟའ་མཇུག་ཏུ་ཉིང་ཁྲིའི་ལྷོ་རྒྱུད་དང་ལྷོ་ཁའི་ཤར་ལྷོའི་རྒྱུད་དུ་ཆར་པ་ཆུང་བ་ནས་འབྲིང་བའི་བར་འབབ་རྒྱུ་དང་ས་ཆ་ཁག་གཅིག་ལ་ཆར་པ་ཆེ་བ་འབབ་རྒྱུ། ནག་ཆུའི་ཤར་རྒྱུད་དང་། ཆབ་མདོའི་བྱང་རྒྱུད། གཞིས་རྩེའི་ལྷོ་རྒྱུད་བཅས་སུ་ཆར་པ(གངས)ཆུང་བ་འབབ་རྒྱུ། ས་ཆ་ཁག་གཅིག་ལ་ཆར་པ(གངས)འབྲིང་བ་ནས་ཆེ་བའི་བར་འབབ་རྒྱུ།

    གཟའ་འཁོར་འདིར་ནག་ཆུ་དང་། མངའ་རིས། གཞིས་རྩེའི་ལྷོ་རྒྱུད་ཀྱི་ས་བབ་མཐོ་བའི་ཁུལ་བཅས་སུ་ལྷགས་པ་ཆེན་པོ་རིམ་པ་5ནས་6བར་རྒྱག་རྒྱུ།

    གཉིས། གྲོས་འགོ

    1.གཟའ་འཁོར་འདིར་མངའ་རིས་ཀྱི་ལྷོ་ནུབ་རྒྱུད་དང་གཞིས་རྩེའི་ལྷོ་རྒྱུད་དུ་གངས་མ་ཆར་འབབ་རྒྱུ་དང་ས་བབ་མཐོ་བའི་ལམ་དུམ་བུར་གངས་གསོག་དང་འཁྱགས་པ་ཐེབས་སླ་བས་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་ལ་དོ་སྣང་བྱེད་དགོས།

    2.ཉིང་ཁྲིའི་ལྷོ་རྒྱུད་དང་ལྷོ་ཁའི་ཤར་ལྷོའི་རྒྱུད་དུ་རྒྱུན་མཐུད་རང་བཞིན་གྱི་ཆར་པ་འབབ་རྒྱུ་ཡིན་པས་ཆུ་རུད་སོགས་ས་གཤིས་ཀྱི་གནོད་འཚེར་དོགས་ཟོན་བྱེད་དགོས།

    3.ཆབ་མདོའི་ནགས་ཁུལ་གཙོ་བོར་ཆར་ཆུ་མེད་པས་མེ་ཟོན་ལ་དོ་སྣང་བྱེད་དགོས།

    4.ཡར་ཀླུང་གཙང་པོའི་རྒྱུད་ཀྱི་ཞིང་ཁུལ་གཙོ་བོར་ཆར་ཆུ་མེད་པས་ཞིང་ནང་དུ་ཆུ་འདྲེན་པ་སོགས་གཡོག་བྱེད་ཡག་པོ་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།