གསར་འགོད་པས་ལྗོངས་ཏང་ཨུད་རྩ་འཛུགས་པུའུ་ནས་ཤེས་རྟོགས་བྱས་པར། སློབ་གསོའི་ཤེས་ལྡན་མི་སྣའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་གྱིས་དགེ་རྒན་གྱི་དཔུང་ཁག་འཛུགས་སྐྱོང་དང་སློབ་གསོ་སློབ་ཁྲིད་ཀྱི་སྤུས་ཚད་མཐོ་རུ་གཏོང་བར་དམིགས་ཏེ། རོགས་སྐྱོར་བྱ་ཡུལ་སློབ་གྲྭ་21མགྱོགས་མྱུར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་བ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། སློབ་གསོའི་ཤེས་ལྡན་མི་སྣའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ལས་དོན་ཚོགས་ཆུང་ཁག་གསར་པས་དགེ་རྒན་གྱི་ཀུན་སྤྱོད་དང་། སློབ་ཁྲིད། སློབ་གསོ། ཚན་ཞིབ་བཅས་འཇུག་གཞིར་བྱས་ཏེ། “གཅིག་གཏད་གཅིག”དང“གཅིག་གཏད་མང་པོའི”རྣམ་པའི་ཐོག་ནས་ས་གནས་དེ་གའི་དགེ་རྒན་598དང་ཚོགས་པ་107ལ་ཆ་སྒྲིག་རོགས་སྐྱོར་བྱས་པ་དང་། སྣེ་ཁྲིད་དེ་ཞིང་ཆེན་དང་གྲོང་ཁྱེར་རིམ་པའི་ཞིབ་འཇུག་བྱ་གཞིའི་རྣམ་གྲངས་64འཛུགས་རྒྱུའི་རེ་ཞུ་བྱས་པས་རྣམ་གྲངས་འཛུགས་ཚད་64.65%ཟིན་ཡོད། སྔ་རྗེས་སུ་རོགས་སྐྱོར་བྱ་ཡུལ་སློབ་གྲྭའི་དོ་དམ་མི་སྣ་དང་རྐང་འཛིན་དགེ་རྒན་435ཁ་གཏད་རོགས་སྐྱོར་གྱི་ཞིང་ཆེན་དང་གྲོང་ཁྱེར་དུ་གནས་སྦྱར་སྦྱོང་བརྡར་དང་ཟབ་སྦྱོང་ལ་མངགས་པ་དང་། ནང་སའི་རིགས་གཅིག་མཁས་ཅན་དང་གྲགས་ཅན་དགེ་རྒན་239གདན་དྲངས་ནས་སློབ་ཁྲིད་གསོ་སྦྱོང་བྱས་ཏེ་ས་གནས་དེ་གའི་ཤེས་ལྡན་མི་སྣའི་མཐོང་རྒྱ་དང་འཇོན་ཐང་ཆེ་རུ་བཏང་ཡོད།
སློབ་ཁྲིད་ལག་ལེན་ཁྲོད། བོད་སྐྱོར་དགེ་རྒན་གྱིས་སློབ་མའི་ལྟེ་བའི་བྱང་ཚད་གསོ་སྐྱོང་བྱ་རྒྱུ་མངོན་གསལ་དོད་པོ་ཡོང་བར་བྱས་ཏེ། “ཅིང་བོད་ཀྱི་དམིགས་བསལ་གཟིགས་སྐྱོང་འཛིན་གྲྭ”སོགས་བོད་སྐྱོར་སློབ་གསོའི་སྤུས་རྟགས་57ནུས་ཤུགས་ཡོད་རྒུས་བཏོད་ཡོད། “དྲ་སྦྲེལ་+”ལ་བརྟེན་ནས་མཉམ་བགྲོད་སློབ་ཁྲིད་སློབ་དཔྱོད་དང་། ཡུལ་གཞན་དུ་སློབ་ཁྲིད། དགེ་རྒན་གསོ་སྦྱོང་། སློབ་ཁྲིད་སྤེལ་རེས་སོགས་བྱེད་སྒོ་སྤེལ་ནས་སྤུས་ལེགས་ཀྱི་སློབ་གསོའི་ཐོན་ཁུངས་ལོངས་སུ་སྤྱོད་ཐུབ་པ་བྱས་ཡོད། དེ་དང་ཆབས་ཅིག་སློབ་གྲྭར་སྔོན་ཐོན་གྱི་དོ་དམ་འདུ་ཤེས་ཁྱབ་གདལ་གཏོང་རོགས་དང་རོགས་སྐྱོར་བྱ་ཡུལ་སློབ་གྲྭར་སློབ་གསོ་སློབ་ཁྲིད་དང་དོ་དམ་སོགས་ལམ་ལུགས་194འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བར་རོགས་རམ་བྱས་ཏེ། ལམ་ལུགས་ལ་བརྟེན་ནས་དོ་དམ་ལ་སྐུལ་འདེད་གཏོང་བ་དང་། དོ་དམ་ལ་བརྟེན་ནས་སྤུས་ཚད་མཐོར་གཏོང་ལ་སྐུལ་འདེད་གཏོང་བ། སྤུས་ཚད་མཐོར་གཏོང་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཡོད།