འདི་ནི་མིག་སྔའི་ཡར་ཀླུང་གཙང་པོ་རྒྱུག་ཁུལ་གདོང་དཀར་དུམ་བུའི་རྣམ་པ་ཡིན་པ།
2017ལོའི་ཟླ་དང་པོ་ནས་བཟུང་། གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་ཀྱིས་ཡར་ཀླུང་གཙང་པོ་རྒྱུག་ཁུལ་གྱི་གདོང་དཀར་དུམ་བུའི་ཆུ་ལམ་ཁྱོན་ཡོངས་ནས་བཀག་རྒྱ་བསྡམས་ཏེ། དེ་སྔའི་བྱེ་རྡོ་ར་བར་འོས་འགན་ཤིང་འཛུགས་དང་ཡར་ཀླུང་གཙང་པོའི་བྱང་ངོགས་ཀྱི་སྐྱེ་ཁམས་སླར་གསོའི་ལས་གྲྭ་སྤེལ་ནས། མུའུ་4000ཙམ་ལ་ཤིང་འཛུགས་ནགས་བཟོ་བྱས་པ་དང་། མིག་སྔར། ས་ཆ་དེའི་ལྗོན་ཤིང་སྐྱེ་འཚར་ཡག་པོ་བྱུང་ནས། ཡར་ཀླུང་གཙང་པོ་རྒྱུག་ཁུལ་གདོང་དཀར་དུམ་བུའི་སྐྱེ་ཁམས་ཁོར་ཡུག་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ཡོད་པ་རེད།