དབུ་ཤོག
  • གྲོང་ཁུལ་གྱི་གཞུང་ལམ་གཡས་གཡོན་ཉམས་བཟོ་བྱེད་པའི་སྐོར་གྱི་སྤྱི་བསྒྲགས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-05-13

    ལྷ་ས་གྲོང་ཁྱེར་གྱི་གྲོང་ཁུལ་གཙང་མ་དང་། མཛེས་པོ། སྔོ་ལྗང་། ལམ་སྒྲོན་བཅས་བཟོ་བའི་ལས་དོན་སྔར་བས་ཡག་པོ་སྒྲུབ་པ་དང་། ཞི་མཐུན་དང་། སྐྱིད་སྣང་དོད་པ། སྡོད་མལ་ལ་འཚམ་པ་བཅས་ཀྱི་གྲོང་ཁྱེར་གྱི་འཚོ་བའི་ཁོར་ཡུག་ཅིག་གཏོད་ཆེད། གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་ཆོག་མཆན་ཐོབ་པ་བརྒྱུད། ལྷ་ས་གྲོང་ཁྱེར་གྲོང་ཁྱེར་དོ་དམ་དང་ཕྱོགས་བསྡུས་ཁྲིམས་འཛིན་ཅུས་ཀྱིས་ཟླ་ལྔ་པའི་ཟླ་དཀྱིལ་ནས་ཟླ་དྲུག་པའི་ཟླ་སྨད་བར་གཡུ་ཐོག་ལམ་སོགས་ཀྱི་གཞུང་ལམ་ཉམས་བཟོ་དང་སྒྱུར་བཀོད་རིམ་སྤོར་བྱ་རྒྱུ་ཡིན།

    དེ་དང་དུས་མཚུངས། གྲོང་ཁྱེར་ནང་གི་གཞུང་ལམ་གྱི་གཡས་གཡོན་ཡང་སྐོར་བསྐྱར་སྐོར་སྔོག་མི་དགོས་པའི་ཆེད་དུ། འགྲིམ་འགྲུལ་ཁྲིམས་འགལ་གྱི་བྱེད་སྤྱོད་པར་ལེན་ས་ཚིགས་དང་། གློག་ཤུགས་ཆེར་གཏོང་ལས་གྲྭ གློག་ཤུགས་དམའ་བའི་མདོང་ལམ་གཤོང་བ་དང་སྐྲུན་པ་སོགས་ཀྱི་རྣམ་གྲངས་དུས་མཉམ་དུ་བསྐྲུན་རྒྱུ་ཡིན། དེའི་རིང་འགྲུལ་པ་དང་འཁོར་རིགས་འགྲོ་འོང་བྱེད་པར་ཤུགས་རྐྱེན་ངེས་ཅན་ཐེབས་སྲིད་པས། རྒྱ་ཆེའི་གྲོང་མི་ལྷན་རྒྱས་ཀྱིས་བསམ་ཤེས་དང་རྒྱབ་སྐྱོར་གནང་རོགས་ཞུ་རྒྱུ་མ་ཟད། ལྷན་རྒྱས་ཕྱིར་སྐྱོད་སྐབས་བཀོད་སྒྲིག་འོས་ཤིང་འཚམ་པ་གནང་རོགས་ཞུ་རྒྱུ་ཡིན།

    ཨར་སྐྲུན་གྱི་ལམ་དུམ་ནི། གཡུ་ཐོག་ལམ(མཁར་རྔ་གདོང་ལམ་གྱི་ལམ་མདོ་ནས་རྡོ་སེང་གེ་ལམ་མདོ་བར)དང་། ཉང་བྲན་ལམ(འདམ་ར་ལམ་མདོ་ནས་གླིང་སྐོར་བྱང་ལམ་བར)གླིང་སྐོར་བྱང་ལམ(ཉང་བྲན་ལམ་མདོ་ནས་སེ་ར་ལམ་མདོ་བར)བརྒྱད་གཅིག་ལམ(པེ་ཅིང་ལམ་མདོ་ནས་བཅིངས་འགྲོལ་ལམ་མདོ་བར)ནོར་སྟོད་ལམ(དགུང་སྔོན་ལམ་མདོ་ནས་མི་རིགས་ལམ་མདོ་བར)བྲག་རི་ཁུག་ལམ(པེ་ཅིང་ལམ་མདོ་ནས་འདམ་ར་ལམ་མདོ་བར)གླིང་རྒྱུད་ལམ(ཅང་སུའུ་ཤར་ལམ་ནས་ཅིན་ཤིན་རོལ་རྩེད་ར་བ་བར)བཅིངས་འགྲོལ་ལམ(བརྒྱད་གཅིག་ལམ་མདོ་ནས་མཁར་རྔ་གདོང་ལམ་མདོ་བར)བདེ་སྐྱིད་ལམ(བཅིངས་འགྲོལ་ལམ་མདོ་ནས་འདམ་ར་ལམ་མདོ་བར)ཅང་སུའུ་ལམ(མཁར་རྔ་གདོང་ལམ་མདོ་ནས་ཅང་སུའུ་ཤར་ལམ་བར)རྡོ་སེང་གེ་ལམ(ཅང་སུའུ་ལམ་མདོ་ནས་པེ་ཅིང་ལམ་མདོ་བར)ལྗོངས་ཐད་གཏོགས་ལས་དོན་ཨུ་ལྷན་ལམ(བདེ་སྐྱིད་ལམ་མདོ་ནས་མི་རིགས་ལམ་མདོ་བར)ཉང་བྲན་བྱང་ལམ(འདམ་ར་ལམ་མདོ་ནས་གྲོང་སྐོར་བྱང་ལམ་བར)ཞིང་འབྲོག་ཚན་རིག་ཁང་ལམ(བཅིངས་འགྲོལ་ལམ་ནས་གཙང་འགྲམ་ལམ་གྱི་ཡན་ལག་ལམ་བར)དགའ་སྐྱིད་ལམ(པེ་ཅིང་ལམ་མདོ་ནས་འདམ་ར་ལམ་མདོ་བར)མཁར་རྔ་གདོང་ལམ(ཅང་སུའུ་ལམ་མདོ་ནས་པེ་ཅིང་ལམ་མདོ་བར)སེ་ར་ལམ(ཆ་ཚང་)སོགས་རེད།

               དམིགས་སུ་བཀར་ནས་སྤྱི་བསྒྲགས་འདི་སྤེལ།

    ལྷ་ས་གྲོང་ཁྱེར་གྲོང་ཁྱེར་དོ་དམ་དང་ཕྱོགས་བསྡུས་ཁྲིམས་འཛིན་ཅུས་ཀྱིས།

    2021ལོའི་ཟླ་5ཚེས་6ཉིན།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།