
2015ལོར་རང་ལྗོངས་ཀྱིས་གྲོང་གསེབ་ཏུ་དྲ་ཐོག་ཚོང་དོན་སྤེལ་བའི་ཕྱོགས་བསྡུས་དཔེ་སྟོན་ལས་དོན་སྤེལ་བ་ནས་ད་བར། ལྗོངས་ཡོངས་སུ་རྫོང་རིམ་པའི་ཟོག་འགྲེམས་སྡེབ་སྐྱེལ་ལྟེ་གནས་27དང་། ཤང་རིམ་པའི་ཞབས་ཞུའི་ས་ཚིགས་231 གྲོང་ཚོ་རིམ་པའི་ཞབས་ཞུའི་ས་ཚིགས་704བསྐྲུན་ནས། ཞིང་འབྲོག་པའི་འབབ་འཕར་ཐབས་ལམ་རྒྱ་སྐྱེད་གཏོང་བ་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་བརྟན་གཏོང་དང་གྲོང་གསེབ་དར་རྒྱས་སྦྲེལ་མཐུད་ནུས་ལྡན་ཡོང་རྒྱུར་སྐུལ་འདེད་གཏོང་བའི་ཐད་འགན་ལེན་གལ་ཆེན་མཁོ་འདོན་བྱས་པ་རེད། འདི་ནི་གྲོ་མོ་རྫོང་དྲ་ཐོག་ཚོང་དོན་སྤྱི་པའི་ཞབས་ཞུའི་ལྟེ་གནས་ཀྱི་ལས་དོན་མི་སྣས་མངགས་ཐོ་ལྟར་ཚོང་ཟོག་སྡེབ་སྐྱེལ་བྱེད་བཞིན་པའི་གནས་ཚུལ་ཡིན་པ།