གཅིག གཟའ་འཁོར་འདིའི་གནམ་གཤིས་སྔོན་བརྡ(2021ལོའི་ཟླ་5ཚེས་10ཉིན་ནས་ཟླ་5ཚེས་16ཉིན་བར)
གཟའ་ཟླ་བ་ནས་ལྷག་པ་བར། ནག་ཆུ་དང་ཡར་ཀླུང་གཙང་པོའི་རྒྱུད་དུ་ཆར་པ(གངས)ཆུང་བ་ནས་འབྲིང་བའི་བར་འབབ་རྒྱུ་དང་ས་ཆ་ཁག་གཅིག་ལ་ཆར་པ(གངས)ཆེ་བ་འབབ་རྒྱུ། ཉིང་ཁྲི་དང་ཆབ་མདོར་ཆར་པ(གངས)ཆུང་བ་འབབ་རྒྱུ་དང་ས་ཆ་ཁག་གཅིག་ལ་ཆར་པ(གངས)འབྲིང་བ་འབབ་རྒྱུ། དེ་མིན་ས་ཁུལ་དུ་སྤྲིན་པ་མང་པོ་འཁོར་རྒྱུ་དང་ས་ཆ་ཁག་གཅིག་ལ་ཐོལ་ཆར(གངས)འབབ་རྒྱུ།
གཟའ་ཕུར་བུ་དང་པ་སངས་ལ་ནག་ཆུའི་དབུས་ཤར་རྒྱུད་དང་། ཉིང་ཁྲི ཆབ་མདོ། གཞིས་རྩེའི་ལྷོ་རྒྱུད། ལྷོ་ཁའི་ལྷོ་རྒྱུད་བཅས་སུ་གནམ་འཐིབས་ནས་ཆར་པ(གངས)ཆུང་བ་འབབ་རྒྱུ་དང་ས་ཆ་ཁག་གཅིག་ལ་ཆར་པ(གངས)འབྲིང་བ་འབབ་རྒྱུ། དེ་མིན་ས་ཁུལ་དུ་སྤྲིན་པ་འཁོར་ཉུང་བ་ནས་མང་དུ་འགྲོ་རྒྱུ།
གཟའ་མཇུག་ཏུ་ནག་ཆུ་དང་། ཉིང་ཁྲི ལྷོ་ཁའི་ལྷོ་རྒྱུད་བཅས་སུ་སྤྲིན་པ་མང་པོ་འཁོར་རྒྱུ་དང་ས་ཆ་ཁག་གཅིག་ལ་ཁ་ཐོར་རང་བཞིན་གྱི་ཐོལ་ཆར(གངས)འབབ་རྒྱུ། དེ་མིན་ས་ཁུལ་དུ་སྤྲིན་པ་ཉུང་ཉུང་འཁོར་རྒྱུ།
གཟའ་འཁོར་འདིར་ནག་ཆུ་དང་། མངའ་རིས། གཞིས་རྩེའི་ལྷོ་རྒྱུད་ཀྱི་ས་བབ་མཐོ་བའི་ཁུལ་བཅས་སུ་ལྷགས་པ་ཆེན་པོ་རིམ་པ་5ནས་6བར་རྒྱག་རྒྱུ།
གཉིས། གྲོས་འགོ
1.གཟའ་འཁོར་འདིར་གངས་ཆར་འབབ་མང་བ་དང་ས་བབ་མཐོ་བའི་ལམ་དུམ་བུར་གངས་གསོག་དང་འཁྱགས་པ་ཐེབས་སླ་བས་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་ལ་དོ་སྣང་བྱེད་དགོས་པ་དང་འབྲེལ། ཆུ་རུད་སོགས་ས་གཤིས་ཀྱི་གནོད་འཚེར་དོགས་ཟོན་བྱེད་དགོས།
2.ཆར་པ་འབབ་པའི་གནམ་གཤིས་ལས་རྩྭ་རའི་གཟན་རྩྭ་སྔོ་འགྱུར་དང་ཞིང་ཁུལ་གྱི་ས་ཞིང་སེར་ལངས་པར་ཕན་ཐོགས་ཡོད།