
འདི་ནི་བསོད་ནམས་ཚེ་རིང་འགྲན་བསྡུར་ལ་ཞུགས་བཞིན་པ།

འདི་ནི་བདམས་ཐོན་པ་ཚོས་འགོ་འཛུགས་ས་ནས་སྐྱོད་བཞིན་པ།
ཉེ་ཆར་ཅང་སུའུ་ཞིང་ཆེན་ཐའེ་ཚང་གྲོང་ཁྱེར་དུ་སྤེལ་བའི“སྙུགས་ཤེད་བུམ་པ”2021ལོའི་རྒྱལ་ཡོངས་འདུར་འགྲོས་ཨང་དང་པོའི་འགྲན་བསྡུར་དང་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱི་ཐོབ་ཐང་འགྲན་བསྡུར་ལ། སྐྱེས་པའི་སྤྱི་ལེ་30ཡི་འདུར་འགྲོས་འགྲན་བསྡུར་ལ་བོད་ཀྱི་བདམས་ཐོན་པ་བསོད་ནམས་ཚེ་རིང་གིས་ཆུ་ཚོད་2དང་སྐར་མ་39སྐར་ཆ་39ཡི་གྲུབ་འབྲས་ལ་བརྟེན་ནས་ཨང་གཉིས་པ་བླངས་པ་དང་བུད་མེད་ཀྱི་སྤྱི་ལེ་10ཡི་འདུར་འགྲོས་འགྲན་བསྡུར་ལ་རིན་ཆེན་སྒྲོལ་མས་སྐར་མ་48དང་སྐར་ཆ་23གྱི་གྲུབ་འབྲས་ལ་བརྟེན་ནས་ཨང་གསུམ་པ་བླངས་པ་རེད།