དབུ་ཤོག>གསར་འགྱུར།
  • “མཆུ་ཤོ་རྐན་ཤོ་དེ་བས་མང་བར་ཡིད་ཆེས་སྐྱེ་ཐུབ་པ་བྱེད་ཀྱི་ཡོད”ཅེས་བརྗོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-05-07

    482201_yis_1620316800000_s.jpg

    འདི་ནི་ཟླ་4ཚེས་27ཉིན་སྨན་པ་ཝང་ཁེ་མིང(གཡས་ཀྱི་དང་པོ)གིས་སྒར་རྫོང་གི་འབྲོག་པ་ཞིག་གི་ཁྱིམ་དུ་བྱིས་པ་ཞིག་ལ་གཤགས་བཅོས་བྱས་རྗེས་དྲག་སྐྱེད་གང་འདྲ་བྱུང་མིན་ལ་ལྟ་བཞིན་པ།

    གཤགས་བཅོས་ཁག་ལྔ་བྱས་རྗེས། མངའ་རིས་ས་ཁུལ་མི་དམངས་སྨན་ཁང་གི་ནད་སྡོད་ཁང་ནས་ཕྱིར་དོན་སྐབས་ཉི་མ་བཞུད་མེད། པེ་ཅིང་ནས་ཡིན་པའི་སྨན་པ་ཝང་ཁེ་མིང་གིས་ཆུ་ཚོད་ལ་བལྟས་པ་ན། དགོང་མོའི་ཆུ་ཚོད་བརྒྱད་པ་ཙམ་ཡིན་པ་དང་ལྷོ་ནུབ་ནས་རླུང་བུ་འུར་འུར་དུ་ལྡང་བ་དང་། སྨན་ཁང་ཕྱི་རོལ་གྱི་སེང་གེ་ཁ་འབབ་ཟམ་འགྲམ་དུ་མཚོ་ཐོག་སྐྱར་མོར་ཟས་སྟེར་མཁན་དང་དངོས་ཟོག་ཕབ་མཁན་བཟོ་པ་སྔ་ས་ནས་ཁྱིམ་དུ་ལོག་ཡོད།

    2021ལོའི་ཟླ་4ཚེས་27ཉིན་ནས་ཟླ་5ཚེས་1ཉིན་བར་བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གི་བོད་སྐྱོར་སྨན་བཅོས་རིགས་གཅིག་མཁས་ཅན་ཚོས་མངའ་རིས་ས་ཁུལ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་དང“ཀྲུང་ཧྭའི་བྱིས་པའི་དགེ་སྒྲུབ་ཐེབས་རྩ་ལྷན་ཚོགས་ལི་ཀེ་ལོ་18ཀྱི་ཆེད་དོན་ཐེབས་རྩའི”རོགས་རམ་འོག་ས་གནས་དེ་གའི་མཆུ་ཤོ་རྐན་ཤོའི་ཞིང་འབྲོག་པར་སྨན་རིན་མི་དགོས་པའི་སྨན་བཅོས་བྱས་པ་རེད།

    “ང་ཚོའི་རེ་བར་གཤགས་བཅོས་བརྒྱུད་མཆུ་ཤོ་རྐན་ཤོ་དེ་བས་མང་བར་ཡིད་ཆེས་སྐྱེ་ཐུབ་པ་བྱེད་ཀྱི་ཡོད” ཝང་ཁེ་མིང་ནི་ད་ཐེངས་ཀྱི་འོས་འགན་བྱེད་སྒོ་འགོ་རྩོམ་མཁན་དང་ཀྲུང་གོ་གསོ་རིག་ཚན་རིག་ཁང་དབང་པོ་བཅོས་བཟོ་ཕྱི་ནད་ཚན་ཁག་སྨན་ཁང་མཇིང་པ་བཅོས་བཟོ་མཛེས་བཟོ་ལྟེ་གནས་གཉིས་པའི་ཀྲུའུ་རེན་གཞོན་པའི་སྨན་པ་དཀའ་བཅུ་པ་རེད། 

    བུ་རྡོ་རྗེ(སྒྱུར་མིང)ད་ལྟ་ལོ་གཉིས་ལ་སླེབས་ཀྱི་ཡོད། ཁོ་པས་ཁ་བགྲད་བགྲད་བྱས་ཏེ་སྐད་ཆ་ཤོད་ཐབས་བྱེད་ཀྱི་ཡོད། ཁོ་པ་གད་མོ་དགོད་དུས་ཡ་མཆུར་ཁ་ཤོ་ཆེན་པོ་གཉིས་ཐོན་ཀྱི་ཡོད།

    མཆུ་ཤོ་རྐན་ཤོའི་ཁྲོད་ནས་མཆུ་ཏོར་ཁ་ཤོ་གཉིས་ལྡན་ཧ་ཅང་ཉུང་ཉུང་རེད། འོན་ཀྱང་མངའ་རིས་ས་ཁུལ་དུ་ད་ཐེངས་ཀྱི་འོས་འགན་སྨན་བཅོས་བྱེད་སྒོར་མཆུ་ཤོ་རྐན་ཤོའི་གཤགས་བཅོས་ཁག་19བྱས་པ་དང་དེའི་ནང་མཆུ་ཏོར་ཁ་ཤོ་གཉིས་ལྡན་2ལ་གཤགས་བཅོས་བྱས་པ་རེད།

    ད་ཐེངས་རྡོ་རྗེའི་ཨ་ཕར་རྫོང་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་ཐོ་འགོད་བརྡ་ཐོ་འབྱོར་རྗེས། བུ་ཁྲིད་དེ་སེང་གེ་ཁ་འབབ་གྲོང་རྡལ་དུ་བསྐྱོད།

    བུ་རྡོ་རྗེའི་གཤགས་བཅོས་ཟླ་4ཚེས་30ཉིན་ལ་བཀོད་སྒྲིག་བྱས་པ་དང་དེ་ཉིན་གྱི་གཤགས་བཅོས་ལ་ཆུ་ཚོད་གཅིག་ལྷག་ཙམ་འགོར། རྡོ་རྗེའི་མཆུ་ཏོ་ཚབས་ཆེན་གས་ཡོད་ཀྱང་སྨན་པས་ལག་རྩལ་གང་ཡོད་བཏོན་ནས་གཤགས་བཅོས་ཡག་པོ་བྱས་པ་རེད།

    སྨན་བཅོས་རིགས་གཅིག་མཁས་ཅན་ཚོ་ལྷ་སར་ཟླ་དགུ་ཙམ་བསྡད་ནས་ད་ཐེངས་ཀྱི་འོས་འགན་བྱེད་སྒོ་གནམ་གྲུ་ནས་བབས་མ་ཐག་ལམ་སེང་འགོ་བཙུགས་ཡོད། 2020ལོའི་ཟླ་8པ་ནས་ཁོ་ཚོས་བོད་སྐྱོར་འགོ་བརྩམས་ཡོད།

    ཁོ་ཚོས་གནམ་གྲུ་ནས་བབས་མ་ཐག་གཤགས་བཅོས་ཁང་དུ་བསྐྱོད། ཝང་ཁེ་མིང་གིས་རང་ཉིད་ཀྱི་གཟུགས་གཞི་ཐང་པོ་ཡོད་པར་སྤོབས་པ་ཆེན་པོ་བྱེད་ཀྱི་ཡོད།

    ཁོང་ནི་ཀྲུང་དབྱང་རྩ་འཛུགས་པུའི“ཚོགས་སྒྲིག་རྣམ་པའི”སྨན་བཅོས་ཤེས་ལྡན་མི་སྣའི་བོད་སྐྱོར་འཆར་གཞིའི་དབང་པོ་བཅོས་བཟོའི་སྨན་པ་དང་པོ་དེ་རེད། འཆར་གཞི་དེ་2015ལོ་ནས་འགོ་བཙུགས་པ་དང་མིག་སྔའི་བར་དུས་ཐེངས་དྲུག་སྤེལ་ཡོད།

    “མིག་གི་དཀྲི་ག་བཟོ་མཁན་རེད་དམ། ཡང་ན་སྣ་ཁུག་ཙོག་ཙོག་བཟོ་མཁན་རེད་དམ”ཞེས་ཝང་ཁེ་མིང་གིས་མིང་ཐོ་འགོད་སྐབས་ཉེ་འཁོར་གྱི་མི་ཚོས་ཡ་མཚན་ཆེན་པོས་བརྗོད་ཀྱི་ཡོད། ཐ་ན་ཁོང་རང་ཉིད་ཀྱིས་ཀྱང་བོད་དུ་བསྐྱོད་ནས་གང་བྱེད་ཐུབ་མིན་ཤེས་ཀྱི་མེད། ཁོང་གིས་བོད་འབྲེལ་ས་ཁུལ་དུ་མཆུ་ཤོ་རྐན་ཤོ་མང་པོ་ཡོད་པས་དབང་པོ་ཡ་མ་གཟུགས་བཅོས་བཟོ་གཤགས་བཅོས་བྱེད་ཐུབ་པའི་ངོས་འཛིན་བྱས།

    བོད་དུ་འབྱོར་མ་ཐག་མཆུ་ཤོ་རྐན་ཤོར་གཤགས་བཅོས་བྱས་རྗེས་སྣ་ཁུག་ཡ་མ་གཟུགས་སུ་གྱུར་ནས་སྨན་པ་བསྟེན་པར་སླེབས་པའི་བོད་རིགས་གཞོན་ནུ་ཞིག་ཕྲད། གཤགས་བཅོས་བྱས་རྗེས། གཞོན་ནུ་དེ་སློབ་ཆེན་དུ་རྒྱུགས་འཕྲོད།

    “སླར་ཡང་ཡིད་ཆེས་སྐྱེས་པའི”ཚིག་དེ་ཐེངས་དང་པོ་ཝང་ཁེ་མིང་གི་བོད་འབྲེལ་ས་ཁུལ་གྱི་ལས་སྒྲུབ་ཉིན་ཐོར་བྲིས་ཡོད།

    དབང་པོ་བཅོས་བཟོའི་སྨན་པའི་བོད་སྐྱོར་གྱི་རིན་ཐང་དེ་མ་ཉིད་དུ་མངོན་པ་སྟེ། མཆུ་ཤོ་རྐན་ཤོ་དང་། སྣ་ཁུག་ཡ་མ་གཟུགས་སུ་གྱུར་པའི་མཆུ་ཤོ་རྐན་ཤོ། འཚིགས་རྨས་བྱུང་བའི་བྱིས་པ། གདོང་པ་ཡ་མ་གཟུགས་ཀྱི་བྱིས་པ། གདོང་ལ་རྨས་སྐྱོན་ཕོག་ནས་པགས་པ་བརྗེ་དགོས་པའི་རྒན་མོ་སོགས་ལ་ཕན་པ་ཆེན་པོ་ཐོབ་ཡོད།

    བོད་སྐྱོར་ལོ་ཕྱེད་ཙམ་བྱེད་རིང་། ཝང་ཁེ་མིང་གིས“དེ་གར་གསོ་རླུང་དཀོན་ཅིང་ངལ་དུབ་ཆེ་བ་དང་གསོ་རླུང་རྔུབ་པ་དང་གཉིད་སྨན་ཟ་དགོས་རུང་། ངོ་གནོངས་མི་དགོས་པའི་སྨན་པ་ཞིག་བྱས་ཡོད”ཅེས་དཔོད་ཆུང་ཞིག་བསྐུར་ཡོད།

    ངོ་གནོངས་མི་དགོས་པའི་སྨན་པ་ཞེས་པ་ཡང་སྙིང་གང་འདྲ་ཞིག་ཡིན་ནམ། ཁོང་གིས“སྨན་པའི་འགན་འཁྲི་ནི་ནད་བཅོས་སྲོག་སྐྱོབ་ཡིན་པ་ལས་འཚོ་ཐབས་ཁོ་ན་མིན། རང་ཉིད་ལ་འཇོན་ཐང་ངེས་ཅན་ལྡན་སྐབས་དགོས་མཁོ་ཡོད་པའི་མི་ལ་རོགས་རམ་བྱེད་དགོས། བོད་དུ་སླེབས་རྗེས་ངས་མི་མང་པོར་རོགས་པ་བྱས་པས་སྨན་པ་ཞིག་གི་རིན་ཐང་དེ་ནས་གང་ལེགས་མངོན་ཐུབ་སོང”ཞེས་དྲི་བ་དེར་གོ་བདེའི་ལན་བཏབ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།