དབུ་ཤོག
  • @ཁ་ལོ་བ་ཚོ། ཆར་དུས་སུ་མོ་ཊ་བཏང་ཚེ་འདིར་ཡིད་གཟབ་གནང་རོགས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-05-06

    གཅིག གཞུང་ལམ་གྱི་ལམ་ངོས་གསལ་པོ་མཐོང་ཐུབ་པའི་ཆེད། མོ་ཊ་མ་བཏང་གོང་མོ་ཊའི་ཆར་ཕྱིས་ལ་ཞིབ་བཤེར་ཡག་པོ་བྱེད་དགོས་པ་དང་། མོ་ཊ་གཏོང་སྐབས་མོ་ཊའི་མདུན་ཤེལ་དུ་རླངས་པ་འཁོར་ཚེ་དྲོད་རླངས་གློད་ནས་མེད་པར་བཟོ་དགོས། མོ་ཊའི་ཤེལ་སྒོ་བརྒྱབ་ཏེ་དྲོད་རླངས་གཏོང་བ་ལས་སྒེའུ་ཁུང་འབྱེད་རྒྱུ་མེད།  དེ་ལྟར་མ་བྱས་ཚེ་མོ་ཊའི་མདུན་ཤེལ་གསལ་དུ་འགྲོ་རྒྱུ་ལྟ་ཅི་དེ་ལས་སྡུག་ཏུ་འགྲོ་ཡི་ཡོད།

    གཉིས། མོ་ཊ་དལ་བུར་གཏོང་དགོས་ལ་གློ་བུར་དུ་ཁ་འགོག་མི་རུང་། ཆར་པ་བབས་རྗེས་མོ་ཊ་འདྲེད་བརྡར་ཤོར་སླ་བས། དལ་བུར་གཏོང་དགོས་ལ་གློ་བུར་དུ་ཁ་འགོག་མི་རུང་།

    གསུམ། ཆར་པ་འབབ་དུས་མོ་ཊ་ཁ་སྐོར་སྐབས་མོ་ཊའི་རྐུབ་གཡུག་སླ་བར་བརྟེན་མོ་ཊ་དལ་བུར་གཏོང་དགོས་པ་དང་ཁ་བསྐོར་རྗེས་གཞི་ནས་མགྱོགས་སུ་གཏོང་དགོས།

    བཞི། མོ་ཊ་གཏོང་རིང་ཁ་ལོ་གང་བྱུང་དུ་བསྒྱུར་རྒྱུ་མེད་ལ་མདུན་གྱི་མོ་ཊ་བརྒལ་ནས་འགྲོ་མི་རུང་།

    ལྔ། ཆུ་མང་པོ་འཁྱིལ་བའི་ལམ་མདོར་སླེབས་སྐབས་མདུན་གྱི་མོ་ཊར་ལྟ་ཞིབ་ཡག་པོ་བྱེད་དགོས་པ་དང་མོ་ཊ་མགྱོགས་པོ་གཏན་ནས་གཏོང་མི་རུང་།

    དྲུག ཡང་དག་ངང་གློག་སྒྲོན་བེད་སྤྱོད་བྱེད་དགོས། ཁ་སྒྱུར་གློག་སྒྲོན་དང་། རྒྱང་གློག ཉེ་གློག སྨུག་སྒྲོན་སོགས་གློག་བརྡ་སྣ་ཚོགས་ལུགས་དང་མཐུན་པའི་ངང་བེད་སྤྱོད་བྱས་ཏེ་ལམ་ཁའི་གནས་ཚུལ་གསལ་པོ་མཐོང་བ་བྱེད་དགོས་ལ། ཁ་ལོ་བ་གཞན་གྱིས་ཀྱང་རང་ཉིད་ཀྱི་མོ་ཊ་མཐོང་ཐུབ་པ་བྱེད་དགོས།

    བདུན། ཐོག་རྒྱག་པ་དང་གློག་མར་འཁྱུག་སྐབས་རང་དགར་མོ་ཊ་ནས་འབབ་མི་རུང། གང་ཡིན་ཟེར་ན་མོ་ཊ་ནི་དེའི་སྐབས་ཀྱི་ཉེན་གཡོལ་བྱེད་ས་ཡག་ཤོས་ཤིག་རེད། གལ་ཏེ་མོ་ཊ་གཏོང་སྐབས་གློག་དམར་འཁྱུག་ནའང་ཚང་མས་རང་དགར་མོ་ཊ་ལས་བབས་ཏེ་ལམ་དང་མོ་ཊར་ལ་ལྟ་ཞིབ་གཏན་ནས་བྱ་མི་རུང་།

    བརྒྱད། མོ་ཊའི་ནང་གི་ལྕགས་རིགས་དངོས་པོར་གང་བྱུང་དུ་ལག་པ་རེག་མི་རུང་། གལ་ཏེ་འབྲུག་སྐད་རྒྱག་སྐབས་མོ་ཊ་བཏང་ཚེ་ངེས་པར་དུ་མོ་ཊའི་ཐོག་དང་། རྐུབ་སྟེགས་སོགས་ཀྱི་ལྕགས་རིགས་ཀྱི་ལྷུ་ལག་གམ་ཡང་ན་མོ་ཊའི་ནང་གི་ལྕགས་རིགས་ཀྱི་དངོས་པོ་གཞན་ལ་ལག་པ་རེག་མི་རུང་། གང་ཡིན་ཟེར་ན་དེ་དག་ཚང་མ་ནི་གློག་འཁྱུད་སླ་བའི་དངོས་པོ་ཤ་སྟག་ཡིན་པས་ཉེན་ཁ་ཧ་ཅང་ཆེན་པོ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།