སྲིད་ཁྲིམས་དཔུང་ཁག་གི་སློབ་གསོའི་དག་ཐེར་རང་བཤེར་རང་བཅོས་ཀྱི་བཅོས་སྒྲིག་བླང་བྱ་སྔར་བས་དོན་འཁྱོལ་དང་། ཁྲིམས་ཁང་གི་ལག་བསྟར་ལས་དོན་སྔར་བས་ཚད་ལྡན། ལག་བསྟར་གྱི་ནུས་པ་ཆེ་རུ་གཏོང་བ་བཅས་བྱ་ཆེད། ཉེ་ཆར་ཆབ་མདོ་གྲོང་ཁྱེར་འཇོ་མདའ་རྫོང་མི་དམངས་ཁྲིམས་ཁང་གིས་འཇོ་མདའ་རྫོང་མི་དམངས་ཞིབ་དཔྱོད་ཁང་དང་མཉམ་འབྲེལ་བྱས་ཏེ། ཁྲིམས་ཁང་ལག་བསྟར་ཅུས་སུ་བཅའ་སྡོད་ཞིབ་དཔྱོད་དཔོན་གྱི་གཞུང་ལས་ཁང་གི་སྒོ་བྱང་འགེལ་བའི་མཛད་སྒོ་འཚོགས་པ་རེད།
ད་རེས་ཁྲིམས་ཁང་ལག་བསྟར་ཅུས་སུ་བཅའ་སྡོད་ཞིབ་དཔྱོད་དཔོན་གྱི་གཞུང་ལས་ཁང་བཙུགས་པ་ནི་སྲིད་ཁྲིམས་དཔུང་ཁག་གི་སློབ་གསོའི་དག་ཐེར་གྱི་རང་བཤེར་རང་བཅོས་ཀྱི་བཅོས་སྒྲིག་བླང་བྱ་དོན་འཁྱོལ་བྱེད་ཐབས་གསར་པ་ཞིག་ཡིན་པ་མ་ཟད། བོད་རང་སྐྱོང་ལྗོངས་ཁྲིམས་ཁང་ཁོངས་གཏོགས་ཀྱིས་ཁྲིམས་ཁང་ལག་བསྟར་ཅུས་སུ་ཞིབ་དཔྱོད་དཔོན་གྱི་གཞུང་དོན་ཁང་འཛུགས་ཐེངས་དང་པོ་རེད།