འདི་ནི་བགྲེས་སོང་ལྷ་བུའི་བརྙན་པར་ཡིན་པ།
འདི་ནི་བགྲེས་སོང་ལྷ་བུའི(དཀྱིལ)ནང་མི་ལྷན་འཛོམས་ཀྱི་འདྲ་པར་ཡིན་པ།
བོད་རྙིང་པར་ལྷ་བུའི་ཁྱིམ་ནི་ཕ་ལྷ་གཞིས་ཀའི་ཞིང་བྲན་ཡིན་པ་དང་། མི་ལུས་རང་དབང་མེད་པའི་འཚོ་བ་སྐྱེལ་བ་དང་ཕ་ཚ་བུ་རྒྱུད་ཚང་མས་མངའ་བདག་ལ་གཡོག་རྒྱུགས་ནས་སྡོད་ཀྱི་ཡོད། ལྷ་བུས“ང་ཚོ་ནི་མངའ་བདག་ཁྱིམ་གྱི་ཐོན་སྐྱེད་ལག་ཆ་ལྟ་བུ་རེད། མངའ་བདག་གིས་ལས་ཀ་གང་བྱེད་དུ་བཅུག་ན་དེ་རང་བྱེད་དགོས། དང་ལེན་མ་ཞུ་ཐབས་མེད་རེད། སྐད་ཤུགས་ཆེན་པོ་སྨྲ་དབང་ཡང་མེད། མངའ་བདག་གིས་ལྟོ་དུས་རེར་རྩམ་པ་ཁྱེམ་བུ་གང་ལས་སྟེར་གྱི་མེད་པས་རྟག་ཏུ་ལྟོས་གྲོད་པ་རྒྱག་གི་མེད། གྲོང་ཚོའི་ནང་གི་ཕྲུ་གུ་མང་པོར་གྱོན་གོས་གོན་རྒྱུ་མེད་པས་ཧ་ཅང་ཡ་ང་བ་ཞིག་ཡོད”ཅེས་སྔར་སོང་གི་ལོ་ཟླར་དྲན་གསོ་བྱེད་བཞིན་བཤད།
1959ལོར་ལྷ་བུར་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱ་དང་འདྲ་བར་ཡར་ལངས་བཅིངས་འགྲོལ་ཐོབ་ནས། ཁོང་གི་ཁྱིམ་ལ་ས་ཞིང་རག་པ་དང་ཁང་པ་གསར་པ་བརྒྱབ་སྟེ་བདེ་སྐྱིད་འཆམ་མཐུན་གྱི་འཚོ་བ་སྐྱེལ་རྒྱུ་བྱུང་བ་རེད།
ད་ཆ་བགྲེས་སོང་ལྷ་བུ་ཡངས་ཤིང་རྒྱ་ཆེ་བའི་བོད་ཁྱིམ་དུ་བུ་ཚ་དང་མཉམ་དུ་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བཞིན་ཡོད།