ཉེ་ཆར། ཉིང་ཁྲི་གྲོང་ཁྱེར་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་གིས“ལོ་རྒྱུས་གླེང་བ་དང་། བསྡུར་བ། བོད་ལ་དགའ་ཞེན”བྱེད་པའི་བརྗོད་དོན་གཙོ་བོའི་བྱེད་སྒོ་སློབ་གྲྭར་སྤེལ་བ་རེད། གཞི་རིམ་ཚན་པ་ཁག་གིས་དང་ལེན་ཧུར་ཐག་བྱས་ནས་དུས་ཐོག་ཏུ་ཁོངས་གཏོགས་ཁུལ་གྱི་སློབ་གྲྭ་འབྲིང་ཆུང་དུ་བསྐྱོད་དེ་གཏམ་རྒྱུད་གླེང་བ་དང་། བརྙན་འཕྲིན་ལྟ་བ། རྒྱལ་དར་སྒྲེང་བ་སོགས་ཀྱི་རྣམ་པ་སྣ་ཚོགས་བརྒྱུད་སློབ་ཕྲུག་ཚོས་མེས་རྒྱལ་ལ་དགའ་ཞེན་དང་། ཁྱིམ་གཞིས་ལ་དགའ་ཞེན། བོད་ལྗོངས་ལ་དགའ་ཞེན་བཅས་ཀྱི་བརྩེ་བ་ཟབ་མོ་སྔར་བས་འཕེལ་བར་སློབ་གསོ་ཁྲིད་སྟོན་བྱས་པ་རེད།
འདི་ནི་ཉིང་ཁྲི་གནས་ཡུལ་མཐའ་མཚམས་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པ་དང་ས་གནས་དེ་གའི་སློབ་ཕྲུག་ཚོས“རྒྱལ་དར་དང་མཉམ་དུ་འདྲ་པར་ཞིག་ལེན”ཞེས་པའི་བྱེད་སྒོ་སྤེལ་བཞིན་པ།