དབུ་ཤོག>གསར་འགྱུར།
  • ལྷོ་ཁ་གྲོང་ཁྱེར་སྐྱེ་ཁམས་ཁོར་ཡུག་ཅུས་ཀྱིས“ཟུང་འབྲེལ་གསུམ”ལ་བརྟེན་ནས་ཏང་འཛུགས་སྐྱོང་གི་ལས་ཀའི་ཆུ་ཚད་མཐོ་རུ་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-04-28

    འདི་ལོ་ཚུན་དུ། ལྷོ་ཁ་གྲོང་ཁྱེར་སྐྱེ་ཁམས་ཁོར་ཡུག་ཅུས་ཀྱིས“ཟུང་འབྲེལ་གསུམ”གྱི་ལས་ཀའི་བྱ་ཐབས་ལ་བརྟེན་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དང“དེ་བས་གསུམ”གྱི་ཆེད་དོན་སློབ་གསོ་གཏིང་ཟབ་སྤེལ་རྒྱུར་སྐུལ་འདེད་བཏང་བ་རེད།

    སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ལ་དམ་འཛིན་ཡག་པོ་བྱེད་རྒྱུ་དང་ཟུང་འབྲེལ་བྱས་ཏེ། གཏན་འཇགས་སྦགས་བཙོག་འབྱུང་ཁུངས་ཀྱི་བཙོག་འབུད་ཆོག་འཐུས་གཙང་སེལ་དག་ཐེར་དང་བཙོག་འབུད་ཆོག་འཐུས་ལག་ཁྱེར་སྤྲོད་པའི་ཐོ་འགོད་ལས་དོན་སྤུས་ཚད་མཐོ་པོ་དང་ཕྱོགས་ཡོངས་ལ་ཁྱབ་པའི་སྒོ་ནས་ལེགས་པར་བསྒྲུབས་ཡོད། གཙོ་བོའི་འགྲིམ་འགྲུལ་གྱི་མ་ལམ་དང་། མཐའ་མཚམས་ཀྱི་ས་བབ་མཐོ་བའི་ས་ཁུལ། ཡར་ཀླུང་གཙང་པོའི་ལམ་རྒྱུད་བཅས་སུ“ཆེན་པོ་དྲུག”གི་ཁོར་ཡུག་བཅོས་སྒྲིག་གཏིང་ཟབ་བྱས་པ་དང་། ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་དག་ཐེར་དང་སྐོར་ཞིབ་དག་ཐེར་དང་ཟུང་འབྲེལ་བྱས་ཏེ། མངོན་བཤེར་ལྐོག་ཞིབ་ལ་ཤུགས་སྣོན་དང་། ལྟ་སྐུལ་མཛུབ་ཁྲིད་ལ་ཤུགས་སྣོན། ནུས་ཤུགས་ཡོད་རྒུས་དག་ཐེར་བཅས་བྱས་ནས་གསར་འཕར་དང་། བསྐྱར་ཐོན། སྤོ་སྒྱུར་སོགས་ཀྱི་གནད་དོན་སྔོན་འགོག་བྱས་པ། སྐྱེ་ཁམས་ཁོར་ཡུག་གི་དམག་ཧྲག་གཏོད་རྒྱུ་དང་ཟུང་འབྲེལ་བྱས་ཏེ། བྱང་ཚད་མཐོར་གཏོང་བྱ་སྤྱོད་མུ་མཐུད་སྤེལ་ནས། ཤེས་ལྡན་པ་གསོ་སྦྱོང་དང་གསོ་སྐྱོང་བྱེད་སྟངས་རྒྱུན་ཆད་མེད་པར་གསར་འབྱེད་བྱས་པ། བོད་སྐྱོར་ཐོན་ཁུངས་བེད་སྤྱོད་ཡག་པོ་བྱས་ནས“ཆ་སྒྲིག”དང“ཤེས་ལྡན་པ་ནང་འདྲེན”སོགས་ཀྱི་བྱེད་སྒོ་གཏིང་ཟབ་སྤེལ་ཡོད། རྐང་འཛིན་མི་སྣ་གསོ་སྦྱོང་བྱེད་ཤུགས་ཆེ་རུ་བཏང་བའི་ཁར། ཁྲིམས་འཛིན་ལྟ་འདོམས་དང་། ཁོར་ཡུག་ལྟ་ཞིབ་ཚད་ལེན་གྱི་མཁྲེགས་ཆས་དང་། སྒྲིག་བཀོད། སྒྲིག་ཆས་གསུམ་སྒྲིག་སྦྱོར་དང་ཁང་སུའོ་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་ཤུགས་སྣོན་བརྒྱབ་ནས་ཁྲིམས་བསྟར་ལྟ་འདོམས་དང་ཁོར་ཡུག་ལྟ་ཞིབ་ཚད་ལེན་གྱི་ནུས་པ་ཇེ་ཆེར་འགྲོ་བའི་འགན་ལེན་བྱས་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།