དབུ་ཤོག>གསར་འགྱུར།
  • གྲོང་ཁྱེར་དང་ས་ཁུལ་བདུན་གྱི“ལོ་ལྔ་ཚན་བཅུ་གསུམ་པའི”ཆུའི་ཐོན་ཁུངས་དོ་དམ་ལམ་ལུགས་ཀྱི་དཔྱད་ཞིབ་ལས་དོན་མཇུག་འགྲིལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-04-28

    ཉེ་ཆར་གསར་འགོད་པར་རང་སྐྱོང་ལྗོངས་ཆུ་བེད་ཐིང་ནས་ཤེས་རྟོགས་བྱུང་བར། ཉེ་དུས་ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་ས་ཁུལ་བདུན་གྱི“ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་ཆུའི་ཐོན་ཁུངས་དོ་དམ་ལམ་ལུགས་ནན་ཤོས་ལག་བསྟར་བྱེད་པའི་དཔྱད་ཞིབ་ལས་དོན་ཕུན་སུམ་ཚོགས་པོའི་ངང་མཇུག་འགྲིལ་བ་རེད།

    དཔྱད་ཞིབ་བྱས་པ་བརྒྱུད། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་རང་ལྗོངས་ཀྱི་ཆུའི་ཐོན་ཁུངས་དོ་དམ་ཚོད་འཛིན་གྱི་དམིགས་ཚད་ཁྱོན་ཡོངས་ནས་ལེགས་སྒྲུབ་དང་། ལམ་ལུགས་མ་ལག་སྔར་བས་འཐུས་ཚང་། བྱེད་ཐབས་ཏན་ཏིག་དང་ནུས་ལྡན་བཅས་བྱུང་ནས་ལྗོངས་ཡོངས་ཀྱི་གྲོང་གསེབ་ཀྱི་འཐུང་ཆུའི་བདེ་འཇགས་སྲ་བརྟན་དང་མཐོར་གཏོང་ལས་གྲྭའི“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་དམིགས་ཚད་སྔ་སྣུར་དུ་ཚད་ལས་བརྒལ་ནས་ལེགས་སྒྲུབ་ཟིན་པ་དང་། ཆུ་དཔོན་དང་མཚོ་དཔོན་ལམ་ལུགས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཤིང་ཆུའི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་ཧུར་ཐག་བཏང་བ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།