དབུ་ཤོག>གསར་འགྱུར།
  • “ནམ་ཡང་ཏང་གི་རྗེས་སུ་འབྲང་བའི”བརྗོད་དོན་གཙོ་བོའི་མིང་འགོད་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-04-28

     ཉེ་དུས་ཀྲུང་གོའི་ལྷ་སའི་SOSབྱིས་པའི་གྲོང་ཚོས“ནམ་ཡང་ཏང་གི་རྗེས་སུ་འབྲང་བའི”བརྗོད་དོན་གཙོ་བོའི་མིང་འགོད་བྱེད་སྒོ་སྤེལ་བ་རེད།

    བྱེད་སྒོ་མཇུག་འགྲིལ་རྗེས། བྱིས་པའི་གྲོང་ཚོའི་གྲོང་དཔོན་ཆུང་སྐྱིད་ཀྱིས་གཏམ་བཤད་སྤེལ་ནས། ཚང་མས་སྔར་རྒྱུན་བཞིན་འབད་བརྩོན་ལྷོད་མེད་དང་། ལེགས་སྐྱེས་འབུལ་འདོད་པ། དུས་བསྟུན་མདུན་སྐྱོད། གསར་འབྱེད་གསར་གཏོད་བཅས་ཀྱི་སྙིང་སྟོབས་དར་སྤེལ་བཏང་སྟེ། བྱིས་པའི་གྲོང་ཚོའི་ཕྲུ་གུ་དེ་བས་གསོ་སྐྱོང་ཡག་པོ་བྱེད་པ་དང་ཞི་མཐུན་དང་མཛེས་སྡུག་ལྡན་པའི་གྲོང་ཚོ་སྐྲུན་པར་ལེགས་སྐྱེས་ཧུར་ཐག་འབུལ་རྒྱུའི་རེ་བ་ཡོད། ཕྲུ་གུ་ཚོས་དྲིན་གཟོའི་སེམས་པ་བཅངས་ནས་འཚོ་བར་གཅེས་སྤྲས་དང་། སློབ་སྦྱོང་ལ་འབད་བརྩོན། འཇོན་ཐང་ཆེར་གཏོང་། ཕན་ཚུན་བརྩི་འཇོག ཕན་ཚུན་སློབ་སྦྱོང་དང་རོགས་རམ། ཐུན་མོང་ཡར་རྒྱས་བཅས་ཡོང་བར་བྱས་ནས། དུས་རབས་གསར་པའི་ཚད་གཞི་ལོན་པའི་རྒྱུན་འཛིན་པ་ཞིག་བྱེད་རྒྱུའི་རེ་བ་ཡོད་ཅེས་བརྗོད་པ་རེད།

    གཞན་ཡང“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དར་སྤེལ་བཏང་ནས་སྔོན་གཤེགས་དཔའ་བོར་རྗེས་དྲན་ཞུ་ཆེད། བྱིས་པའི་གྲོང་ཚོའི་ཏང་ཀྲི་པུའུ་ཡིས་ལས་བྱེད་པ་དང་ལས་བཟོ་ཡོངས་སྒྲིག་འཛུགས་བྱས་ནས་ཐན་ཀོན་སན་དྲན་གསོ་ཁང་དུ་བསྐྱོད་དེ་ལྟ་སྐོར་དང་སློབ་སྦྱོང་བྱས་པ་རེད། བྱེད་སྒོ་སྤེལ་རིང་ལས་བྱེད་པ་དང་ལས་བཟོ་ཡོངས་ཀྱིས་དམག་དཔོན་ཐན་ཀོན་སན་གྱི་བང་སོར་གུས་འདུད་ཞུས་ནས་རྗེས་དྲན་ཞུས་པ་མ་ཟད། ཐན་ཀོན་སན་དྲན་གསོ་ཁང་ལ་ལྟ་སྐོར་ཡང་བྱས་པ་རེད།

    ལྟ་སྐོར་སློབ་སྦྱོང་གྲུབ་རྗེས་ལས་བྱེད་པ་དང་ལས་བཟོ་ཚོས་ད་ཐེངས་ཀྱི་གསར་བརྗེའི་སློབ་གསོ་གོ་སྐབས་སུ་བྱས་ནས། “བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དང“ལམ་གཉིས་ཀྱི་སྙིང་སྟོབས”མུ་མཐུད་དར་སྤེལ་གཏོང་བ་དང་། གསོ་རླུང་དཀོན་ཡང་སྙིང་སྟོབས་མི་ཉམས་པ་དང་དཀའ་ཚེགས་ཆེ་ཡང་དཀའ་སྡུག་ལ་མི་སྐྲག་པའི་སྙིང་སྟོབས་དར་སྤེལ་གཏོང་བ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་རྒྱུ་མཐའ་འཁྱོངས་བྱེད་པ། ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་བློ་བརྟན་པོར་འཆང་བ། ལོ་རྒྱུས་བློ་ལ་བརྟན་པོར་ངེས་ནས་འབད་འབུངས་མདུན་སྐྱོད་བྱེད་པ། དེ་བས་སྤྲོ་སེམས་ཁེངས་པའི་ལས་ཀའི་རྣམ་འགྱུར་དང་དེ་བས་དངོས་སྒྲུབ་ཀྱི་ལས་ཀའི་སྤྱོད་ཚུལ་ཐོག་ནས་ལས་དོན་ནང་ཞུགས་པ་བཅས་བྱས་ཏེ། བྱིས་པའི་གྲོང་ཚོའི་འཕེལ་རྒྱས་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།