འདི་ལོ་ཚུན་དུ་ལྷ་རྩེ་རྫོང་གིས་དཔལ་འབྱོར་དང་བསམ་བློ་གཉིས་ཀ“ཕྱུག་པོ”ཆགས་པ་བྱེད་ཆེད། མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་ཧུར་ཐག་སྤེལ་བ་དང་སློབ་སྦྱོང་གི་ལག་ལེན་ཇུས་གཞི་ཞིབ་ཚགས་བཟོས་ནས་མཚན་མོའི་སློབ་ཚན་དང་ཉེ་འགྲམ་གྱི་སློབ་ཚན། དྲ་ཐོག་སློབ་ཚན་སོགས་ཡག་པོ་འཚོགས་ཏེ་མང་ཚོགས་ཀྱི་ནང་གནས་སྒུལ་ཤུཌ་སྔར་བས་འཕེལ་བ་དང་། མང་ཚོཌ་ཀྱི་རིག་གནས་ཆུ་ཚད་མཐོ་རུ་གཏོང་བ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ་བཅས་བྱས་པ་རེད། མིག་སྔའི་བར་ཤང་དང་གྲོང་རྡལ་ཁག་གིས“མཚན་མོའི་སློབ་གྲྭའི”སློབ་སྦྱོང་འཛིན་གྲྭ་ཐེངས་1000ལྷག་ཙམ་གཉེར་བར་སློབ་གསོ་ཐོབ་མཁན་8900ཟིན་ཡོད།
འདི་ནི་ལྷ་རྩེ་རྫོང་གཞིས་ཆེན་ཤང་གཞིས་ཆེན་གྲོང་ཚོའི་བགྲེས་སོང་ངག་དབང་རིག་འཛིན་གྱིས་སློབ་སྦྱོང་བྱེད་བཞིན་པ།