ཉེ་དུས་ལྷ་ས་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་གྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་2021ལོའི་གཙོ་གནད་རྣམ་གྲངས་ཀྱི་གཅིག་སྡུད་ཐོག་གན་རྒྱ་འཇོག་པ་དང་། གཅིག་སྡུད་ལས་འགོ་འཛུགས་པ། གཅིག་སྡུད་ཐོན་སྐྱེད་བྱེད་འགོ་ཚུགས་པ་བཅས་ཀྱི་བྱེད་སྒོ་སྤེལ་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་གཅིག་སྡུད་གན་རྒྱ་འཇོག་པའི་རྣམ་གྲངས་14ལ་ཁྱོན་མ་དངུལ་སྒོར་དུང་ཕྱུར་46.8བཏང་བ་དང་། གཅིག་སྡུད་ལས་འགོ་ཚུགས་པའི་རྣམ་གྲངས་20ལ་ཁྱོན་མ་དངུལ་སྒོར་དུང་ཕྱུར་25ལྷག་ཙམ་བཏང་ནས་སྔོན་དཔག་བྱས་ན་མི་2000ལྷག་ཙམ་ལས་ཞུགས་ཐུབ་རྒྱུར་སྐུལ་ཁྲིད་ཐུབ་རྒྱུ་ཡིན་ཞིང་། དེ་ནི“ལོ་ལྔ་ཚན་བཅུ་བཞི་པའི”དཔལ་འབྱོར་དང་སྤྱི་ཚོགས་མགྱོགས་མྱུར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འགོ་འཛུགས་ས་ཡག་པོ་ཞིག་ཡིན་ལ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ཤུགས་དེ་བས་ཆེ་བ་བསྣན་རྒྱུ་རེད། སྡེ་ཚན་ཁག་གིས“རྣམ་གྲངས་ལ་དམ་འཛིན་བྱེད་པ་ནི་འཕེལ་རྒྱས་ལ་དམ་འཛིན་དང་རྣམ་གྲངས་ཇུས་འགོད་བྱེད་པ་ནི་འབྱུང་འགྱུར་ལ་ཇུས་འགོད་བྱེད་པ་ཞིག་ཡིན་པའི”འདུ་ཤེས་བརྟན་པོར་བཙུགས་ཏེ། བསམ་བློ་གསར་པ་དང་བྱེད་ཐབས་གསར་པར་བརྟེན་ནས་རྣམ་གྲངས་ལ་དམ་འཛིན་གྱིས་མ་འཇོག་ལ་སྐུལ་འདེད་བཏང་ནས། རྣམ་གྲངས་གཙོ་གཉེར་མཁན་དང་འཛུཌ་སྐྲུན་ཚན་པས་ལས་ཡུན་ལྡོག་སྒྲིག་དང་། ལས་རིམ་གསལ་འགོད། མྱུར་ཚད་དམ་འཛིན་བཅས་ཀྱི་ཕན་འབྲས་ཐོན་པ་བྱས་ཡོད།
ད་ཐེངས་ཀྱི་བྱེད་སྒོའི་ནང་ཁེ་ལས་100ལྷག་ཙམ་སྒྲིག་འཛུགས་བྱས་ནས་ལྷ་སའི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་བསྐྲུན་ཏེ་ལོ་20སོང་བ་དང་ལྷག་དོན་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་དང“དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་གསར་པ་དྲུག”འཛུགས་སྐྲུན་ལ་ཐོབ་པའི་མངོན་གསལ་དོད་པའི་གྲུབ་འབྲས་ལ་ལྟ་སྐོར་བྱས་པ་དང་། རྣམ་གྲངས་དེ་དག་ཐོན་སློབ་ཞིབ་གསུམ་གྱི་མཉམ་ལས་དང་། ཐོན་ལས་མ་འཇོག ལས་ཞུགས་དབུལ་སྐྱོར། ཚན་རྩལ་གསར་གཏོད། ཐེབས་རྩ་མ་འཇོག་བཅས་རིགས་ཆེན་པོ་ལྔ་ལ་ཁྱབ་ཡོད། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་གསར་གཏོད་སྦྲེལ་མཐུད་མཐོར་གཏོང་ལ་དམ་པོར་དམིགས་ནས། དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་གྱིས“གན་རྒྱ་འཇོག་པ་དང་། ལས་འགོ་འཛུགས་སྐྲུན། ཐོན་སྐྱེད་ཕན་འབྲས”བཅས་ལ་ཐེངས་དང་པོར་དམིགས་ནས་ཐོན་ལས་འཕེལ་རྒྱས་ཀྱི་ལྷུ་ཚིགས་འཐུས་སྒོ་ཚང་དུ་བཏང་བས་འཁོར་རྒྱུག་གི་ཕན་ནུས་ཤིག་ཆགས་ཏེ། “དཔལ་འབྱོར་ལག་རྩལ་གསར་སྤེལ་གྱི་མྱུར་ཚད”མངོན་ཡོད།