དབུ་ཤོག>གསར་འགྱུར།
  • བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་གྱིས་འབྲུ་རིགས་ལ་གྲོན་ཆུང་གི་གྲོས་འགོ་འདོན་པའི་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-04-28

    གྲོན་ཆུང་བསྲི་ཚགས་ཀྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་བཏང་སྟེ་བདེ་ཐང་ཤེས་དཔལ་གྱི་འཚོ་བའི་གོམས་གཤིས་འཇགས་པར་བྱས་ནས་སློབ་གྲྭའི་བསམ་པའི་དཔལ་ཡོན་སྲོལ་གཏོད་ཀྱི་ཆུ་ཚད་སྔར་བས་མཐོ་རུ་གཏོང་ཆེད། ཉེ་ཆར། བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་གྱིས་སློབ་གྲྭ་དེའི་སློབ་མའི་ཟ་ཁང་དུ་འབྲུ་རིགས་གྲོན་ཆུང་གི་གྲོས་འགོ་འདོན་པའི་བྱེད་སྒོ་སྤེལ་བ་རེད།

    བོད་སྐྱོར་ལས་བྱེད་པ་དང་སློབ་སྤྱིའི་ལས་རོགས་པའེ་ཅུན་ཅེ་ཡིས། ད་ཐེངས་ཀྱི་བྱེད་སྒོ་སྤེལ་བའི་དམིགས་ཡུལ་ནི་སློབ་མ་ཚོས་འབྲུ་རིགས་གྲོན་ཆུང་གི་བྱ་སྤྱོད་ནང་ཧུར་ཐག་ཞུགས་རྒྱུར་ཁྲིད་སྟོན་བྱས་ཏེ་འབྲུ་རིགས་གྲོན་ཆུང་གི་ཁྱབ་སྤེལ་བ་དང་། ལག་ལེན་པ། དཔེ་སྟོན་པ་བཅས་བྱ་རྒྱུའི་བརྩོན་ལེན་དང་། ཤེས་དཔལ་དང་། ཞི་མཐུན། ཁོར་ཡུག་སྲུང་སྐྱོང་བཅས་ཀྱི་སློབ་གྲྭའི་ཁོར་ཡུག་ཅིག་ཐུན་མོང་ཐོག་གཏོད་ཆེད་ལེགས་སྐྱེས་འབུལ་རྒྱུ་དེ་རེད།

    ད་ཐེངས་ཀྱི་གྲོས་འགོའི་ནང་དོན་གྲས་སུ་ལྟོ་ཆས་ཚད་རན་པོ་མངགས་པ་དང་། ལྟོ་ཆས་ལྷག་མ་མི་དབྱུགས་པ། འབྲུ་རིགས་འཕྲོ་བརླག་གཏོང་བའི་བྱེད་སྤྱོད་བཀག་འགོག་སོགས་ཀྱི་ནང་དོན་ཁག་6ཚུད་ཡོད།

    སློབ་གྲྭ་དེའི་སློབ་མ་པད་མ་གསལ་སྒྲོན་གྱིས“གྲོན་ཆུང་བསྲི་ཚགས་བྱ་རྒྱུ་ནི་ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་བཟང་པོ་ཞིག་རེད། མ་གཞི་ང་ཚོ་འབྱོར་ཕྱུག་ལྡན་པའི་དུས་རབས་གསར་པར་འཚོ་བ་སྐྱེལ་བཞིན་ཡོད། འོན་ཀྱང་གསར་བརྗེའི་སྔོན་གཤེགས་དཔའ་བོའི་དཀའ་སྤྱད་འབད་འཐབ་ཀྱི་སྤྱོད་ཚུལ་བཟང་པོ་རྒྱུན་འཛིན་དང་དར་སྤེལ་གཏོང་བ་དང་། གྲོན་ཆུང་ནི་གཟི་བརྗིད་དང་འཕྲོ་བརླག་ནི་ཞེ་ཁྲེལ་ཡིན་པས་ང་ཚོས་རང་ཉིད་ནས་འགོ་འཛུགས་པ་དང་བྱ་སྤྱོད་དངོས་ཀྱི་ཐོག་ནས‘གྲོན་ཆུང་རྣམ་པའི་སློབ་གྲྭ’གཏོད་དགོས”ཞེས་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།