ལོ་འགོ་ནས་བཟུང་། ཆབ་མདོ་གྲོང་ཁྱེར་གྱི་དངུལ་རྩའི་སྒྲིག་གཞིས་བོད་ཀྱི་དམིགས་བསལ་གཟིགས་སྐྱོང་གི་དངུལ་རྩའི་སྲིད་ཇུས་ཇི་མ་ཇི་བཞིན་ལག་བསྟར་བྱས་ནས་སྲིད་ཇུས་ལག་བསྟར་གྱི་སྤུས་ཚད་དང་ལས་ཕྱོད་ཟམ་མི་ཆད་པར་ཆེ་རུ་བཏང་སྟེ་གྲོང་ཁྱེར་ཡོངས་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་ནུས་ལྡན་བྱས་ཡོད།
ཟླ་3པའི་ཟླ་སྨད་བར། ཆབ་མདོ་གྲོང་ཁྱེར་གྱི་སྤྱི་ཚོགས་ཀྱི་མ་དངུལ་བསྡུ་སྒྲིལ་གྱི་གཞི་ཁྱོན་སྒོར་དུང་ཕྱུར་567.99ཟིན་པ་དེ་དུས་མཚུངས་ལས་20.63%འཕར་ཡོད། རིགས་ཁག་གི་བཅོལ་དངུལ་ལྷག་གྲངས་སྒོར་དུང་ཕྱུར་405.08ཟིན་པ་དེ་དུས་མཚུངས་ལས་8.17%འཕར་ཡོད། རིགས་ཁག་གི་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་486.28ཟིན་པ་དེ་དུས་མཚུངས་ལས་19.69%འཕར་ཡོད། ཆབ་མདོ་གྲོང་ཁྱེར་གྱིས་སྲིད་ཇུས་ཀྱི་བརྒྱུད་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་ས་ཁུལ་ཁག་གི་ཁྲོད་དངུལ་རྩའི་སྒྲིག་གཞིའི་དངུལ་བུན་འཕར་ཚད་ཨང་དང་པོར་སླེབས་ནས་ལྗོངས་ཡོངས་ཀྱི་དངུལ་བུན་འཕར་ཚད་ཀྱི་32.75%བཟུང་བས། དངུལ་རྩས་དཔལ་འབྱོར་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་ཕན་འབྲས་མངོན་གསལ་དོད་དུ་སོང་ཡོད།
རང་ངོས་འཕེལ་རྒྱས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་ཆབ་མདོ་གྲོང་ཁྱེར་གྱིས《2021ལོའི་ཡིད་རྟོན་དངུལ་བུན་གཏོང་བའི་མཛུབ་ཁྲིད་བསམ་འཆར》དང་དེ་བཞིན《2021ལོའི་ཆབ་མདོ་གྲོང་ཁྱེར་གྱི་དངུལ་རྩས་གྲོང་གསེབ་དར་རྒྱས་ལ་ཞབས་འདེགས་ཞུ་བའི་ལས་དོན་གྱི་ཇུས་གཞི》བཟོས་ནས་བཀྲམ་སྟེ་འབྲེལ་ཡོད་སྡེ་ཚན་དང་རང་འགུལ་ངང་སྦྲེལ་མཐུད་བྱས་ཏེ་གཙོ་གནད་ཁེ་ལས་ཀྱི་མ་དངུལ་བསྡུ་སྒྲིལ་གྱི་དགོས་མཁོ་བསྐངས་པ་མ་ཟད། དངུལ་ཁང་དང་། སྲིད་གཞུང་། ཁེ་ལས་བཅས་ཀྱི་བཞུགས་མོལ་ཚོགས་འདུ་འཚོགས་ནས་ཆ་འཕྲིན་སྤེལ་རེས་ཀྱི་ཐབས་ལམ་ཤར་བགྲོད་ཡོང་བ་དང་གཙོ་གནད་རྒྱབ་སྐྱོར་མངོན་གསལ་དོད་པོ་ཡོང་བ་བྱས་པས། དངོས་ཚན་དཔལ་འབྱོར་ལ་ཞབས་འདེགས་ཞུ་བའི་ཕན་འབྲས་མངོན་གསལ་དོད་དུ་སོང་ཡོད། ཟླ་3པའི་ཟླ་སྨད་བར། གྲོང་ཁྱེར་ཡོངས་ཀྱི་གཙོ་གནད་རྣམ་གྲངས་ཀྱི་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་367.79ཟིན་པ་དེ་དུས་མཚུངས་ལས་20.12%འཕར་བ་དང་། དམངས་གཉེར་ཁེ་ལས་ཀྱི་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་21.05ཟིན་པ་དེ་དུས་མཚུངས་ལས་29.35%འཕར་བ། ཕྲན་ཚེགས་ཁེ་ལས་ཀྱི་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་27.29ཟིན་པ་དེ་དུས་མཚུངས་ལས་27.78%འཕར་བ། ཞིང་འབྲེལ་དངུལ་བུན་གྱི་ལྷག་གྲངས་སྒོར་དུང་ཕྱུར་92.79ཟིན་ཡོད།
འདི་ལོ་ཚུན་དུ་ཆབ་མདོ་གྲོང་ཁྱེར་གྱིས་སྤོ་སྒྱུར་གཏོང་སྤྲོད་ཀྱི་དམངས་ཕན་འདུ་འགོད་ལ་སྐུལ་འདེད་བརྟན་པོ་བཏང་ནས་ཞིང་སྐྱོར་དངུལ་ལེན་དང་ཕྱོགས་བསྡུས་ཞབས་ཞུའི་ས་ཚིགས་ཀྱི་ཞབས་ཞུའི་སྤུས་ཚད་ཟམ་མི་ཆད་པར་ལེགས་སུ་བཏང་བ་དང་ནོར་སྲིད་ཀྱི་ཞིང་ཕན་ཐད་གསབ“གཱ་གཅིག་ཀུན་འཐུས”རྒྱུན་མཐུད་བརྟན་པོའི་ངང་འཁོར་རྒྱུག་ཐུབ་པ་བྱས་ཡོད། དུས་ཚིགས་དང་པོར་ཆབ་མདོ་གྲོང་ཁྱེར་གྱིས་ཞབས་ཞུའི་སྤུས་ཚད་དང་ལས་ཕྱོད་ལ་དམ་འཛིན་ཏན་ཏིག་བྱས་ནས་ལྗོངས་ཡོངས་ཀྱི་སྔོན་དུ་རིག་ནུས་གྲོན་བསྡུའི་ལས་སྟེགས་ཐོག་མ་དྲ་ཐོག་ཏུ་བཏོན་པར་རིམ་རྩིས་བྱས་ན་སྦར་མཐིལ་དངུལ་ཁང་བརྒྱུད་ལས་སྒོ་ཐེངས་21342གཉེར་བར་སྒོར་ཁྲི་512.51ཟིན་པ་དང་། ཞིང་སྐྱོར་དངུལ་ལེན་ས་ཚིགས་དང་ཕྱོགས་བསྡུས་ཞབས་ཞུའི་ས་ཚིགས་བརྒྱུད་ལས་སྒོ་ཐེངས་ཁྲི་2.56གཉེར་བར་སྒོར་ཁྲི་2392ཟིན་ཡོད། དུད་ཚང་ཁྲི་10.53གྱི་ཞིང་འབྲོག་མང་ཚོགས་ལ་དམངས་ཕན་ཐད་གསབ་མ་དངུལ་སྒོར་དུང་ཕྱུར་2.43སྤྲད་པས། དངུལ་རྩའི་ཀུན་ཕན་ཆུ་ཚད་རྒྱུན་མཐུད་ངང་མཐོ་རུ་ཕྱིན་ཡོད།