དབུ་ཤོག>གསར་འགྱུར།
  • སྒེར་སེམས་མེད་པར་མི་སྣ་གསོ་སྐྱོང་བྱས། ལས་གནས་དཀྱུས་མར་གྲུབ་འབྲས་ཆེན་པོ་བཏོད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-04-28

    ཉི་མ་བཀྲ་ཤིས་ནི་བོད་ལྗོངས་སློབ་ཆེན་ཆ་འཕྲིན་ཚན་རིག་ལག་རྩལ་སློབ་གླིང་གི་ཡོན་ཀྲང་དང་དགེ་རྒན་ཆེ་མོ་བ་ཞིག་དང་2021ལོའི་རྒྱལ་ཡོངས་ཀྱི་ལྔ་གཅིག་ངལ་རྩོལ་གཟེངས་རྟགས་ཀྱི་འོས་མི་ཞིག་རེད། ལོ་30ལྷག་ཙམ་རིང་གི་རྩིས་འཁོར་རིག་ཚན་འཆར་འགོད་དང་། ཆེད་ལས་སློབ་ཁྲིད། ཚན་རིག་ཞིབ་འཇུག སློབ་གསོ་ཆ་འཕྲིན་ཅན་བཅས་ཀྱི་ལས་དོན་ཁྲོད་ཁོང་གིས་སྔ་ཕྱི་བར་གསུམ་དུ་གུང་ཁྲན་ཏང་ཡོན་ཞིག་གི་ཚད་གཞིའི་ཐོག་ནས་རང་ཉིད་ལ་བླང་བྱ་ནན་པོ་བཏོན་པ་དང་སློབ་ཁྲིད་ཀྱི་འཐབ་ཕྱོགས་དང་པོར་དཔེ་ཁྲིད་མི་སྐྱོང་བྱས་ནས་སློབ་གསོའི་བྱ་གཞག་ལ་བཅངས་པའི་དགའ་ཞེན་དེ་སླ་བཅོས་གཏན་ནས་མི་བྱེད་པའི་ལས་ཀའི་ལག་ལེན་ཁྲོད་དང་སྤྱིར་བཏང་གི་ལས་གནས་ཐོག་སྤྱིར་བཏང་གཏན་ནས་མིན་པའི་ལས་རྗེས་བཞག་ཡོད།

    བློ་གཅིག་སེམས་གཅིག་གིས་གསོ་སྐྱོང་བྱས་པའི་མི་སྣ་གནམ་འོག་གང་སར་ཁྱབ་པ།

    “དགེ་རྒན་ཆེ་མོ་བ་ཁོང་བསྟན་བཤིག་ཚ་པོ་ཞིག་ཡོད་པས་སློབ་ཚན་འཚོག་དུས་རྣམ་པ་འཁྲུག་ཆ་དོད་ལ་ང་ཚོས་ཀྱང་ལས་སླ་པོར་ཤེས་ཐུབ་ཀྱི་འདུག”ཅེས་ཉི་མ་བཀྲ་ཤིས་ཀྱི་སློབ་ཚན་ཉན་མྱོང་བའི་སློབ་མ་ཚང་མས་དེ་ལྟར་ཤོད་ཀྱི་ཡོད། ལོ་མང་རིང་། ཉི་མ་བཀྲ་ཤིས་ཀྱིས་སློབ་ཁྲིད་ཀྱི་འཐབ་ཕྱོགས་དང་པོར་འབད་བརྩོན་བྱས་ནས་རྩིས་འཁོར་ཆེད་ལས་ཀྱི་དངོས་གཞིའི་ཚན་ཁག་གི་སློབ་མ་དང་རབ་འབྱམས་པ་དང་འབུམ་རམས་པའི་ཞིབ་འཇུག་སློབ་མའི་སློབ་གསོ་སློབ་ཁྲིད་ལས་དོན་གྱི་འགན་འཁུར་ནས་རྩིས་འཁོར་དང་བོད་ཡིག་ཆ་འཕྲིན་ལག་རྩལ་གྱི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པའི་མ་ལག་འཚོལ་ཞིབ་དང་ལག་ལེན་ཧུར་ཐག་བྱས་ཏེ་རང་ལྗོངས་སུ་རིམ་པ་མང་བའི་ཆ་འཕྲིན་ལག་རྩལ་གྱི་ཆེད་ལས་ཤེས་ལྡན་མི་སྣ་ཁག་གཅིག་གསོ་སྐྱོང་བྱས་ཡོད།

    1994ལོར། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ཀྱི་རྩིས་འཁོར་ཆེད་ལས་ཤེས་ལྡན་མི་སྣའི་དགོས་མཁོ་དང་འཚམ་ཆེད། བོད་ལྗོངས་སློབ་ཆེན་གྱིས་བོད་ཀྱི་མཐོ་སློབ་ཏུ་རྩིས་འཁོར་ཆེད་ལས་ཐོག་མར་བཙུགས་ཤིང་། སློབ་གཉེར་གྱི་ཉམས་མྱོང་དང་དགེ་རྒན་ཧ་ཅང་དཀོན་པའི་གནས་ཚུལ་འོག་ཉི་མ་བཀྲ་ཤིས་དང་ལས་རོགས་ཚོས་ནང་སའི་མཐོ་སློབ་ཀྱི་རྩིས་འཁོར་ཆེད་ལས་ཀྱི་སློབ་གཉེར་ཉམས་མྱོང་ལ་བརྟག་ཞིབ་དང་དཔྱད་གཞིར་བཟུང་སྟེ་རང་ངོས་ཀྱི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ནས་བོད་ཀྱི་དོན་དངོས་དང་འཚམ་པའི་སློབ་ཁྲིད་ཇུས་གཞི་ཆ་ཚང་ཞིག་རྩོམ་འབྲི་བྱས་པ་རེད། ཉི་མ་བཀྲ་ཤིས་དང་ལས་རོགས་ཚོའི་ཐུན་མོང་འབད་བརྩོན་འོག་བོད་ཀྱི་མཐོ་སློབ་ཏུ་རྩིས་འཁོར་ཆེད་ལས་མེད་པ་ནས་ཡོད་པའི་བར་གྱི་འཕེལ་རྒྱས་ཆེན་པོ་བྱུང་ནས་དངོས་གཞི་དང་། རབ་འབྱམས་པ། འབུམ་རམས་པ་བཅས་རིམ་པ་གསུམ་གྱི་ཅུང་ཆ་ཚང་བའི་ཤེས་ལྡན་པའི་གསོ་སྐྱོང་མ་ལག་ཅིག་རགས་ཙམ་ཆགས་ཡོད་པ་རེད།

    ཚན་ཞིབ་ལ་ཞུགས་པས་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

    “ཚན་ཞིབ་དང་སློབ་ཁྲིད་ནི་ཕན་ཚུན་གསབ་རེས་བྱེད་པ་ཞིག་རེད། ཚན་ཞིབ་ཀྱིས་ངར་སློབ་ཁྲིད་བྱེད་རིང་དེ་བས་ལེགས་པ་དང་དེ་བས་སྔོན་ཐོན་གྱི་ལག་རྩལ་སློབ་མར་བརྒྱུད་སྤྲོད་བྱེད་པར་རོགས་རམ་ཐུབ་ཀྱི་འདུག”སློབ་ཁྲིད་ཀྱི་ལས་དོན་ཡག་པོ་བསྒྲུབས་པ་ཕུད། ད་དུང་ཚན་ཞིབ་ལས་དོན་ཡང་ཉི་མ་བཀྲ་ཤིས་ཀྱིས་ཐོག་མཐའ་བར་གསུམ་དུ་འབད་བརྩོན་བྱེད་པའི་ཁ་ཕྱོགས་ཤིག་རེད།

    བོད་ཡིག་ཆ་འཕྲིན་ལག་རྩལ་ཞིབ་སྤེལ་དང་འདུ་འགོད་ལག་ལེན་བསྟར་བའི་ལོ་30ལྷག་ཙམ་རིང་། ཉི་མ་བཀྲ་ཤིས་ཀྱིས་ཚོགས་པའི་སྣེ་ཁྲིད་དེ་བློ་རྩེ་གཅིག་སྒྲིམ་ངང་བརྩོན་ཞིབ་བྱས་ནས་རྩིས་འཁོར་གྱི་བོད་ཡིག་ཨང་སྒྲིག་རྒྱལ་སྤྱི་དང་རྒྱལ་ཁབ་ཀྱི་ཚད་གཞི་བཟོས་པ་དང་། བོད་ཡིག་ཆ་འཕྲིན་མ་ལག་གི་རྨང་གཞིའི་རིགས་པའི་གཞུང་ལུགས་ཞིབ་འཇུག བོད་སྐད་དང་རང་བྱུང་སྐད་ཡིག་ཐག་གཅོད། བོད་ཡིག་དཔེ་རྙིང་གྲངས་གཞི་ཅན་གྱི་ལག་རྩལ་ཞིབ་འཇུག་གསར་སྤེལ་སོགས་ཁྱབ་ཁོངས་སུ་མ་ལག་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་འབྲེལ་བེད་སྤྱོད་ཀྱང་རྒྱ་ཁྱབ་ཐུབ་ཡོད་པ་རེད།

    ཉི་མ་བཀྲ་ཤིས་ཀྱི་ཚན་ཞིབ་དང་སློབ་ཁྲིད་ལས་དོན་ལ་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་ཡོད་ལ། ལས་རིགས་གཅིག་པའི་བསྔགས་བརྗོད་དང་སློབ་མ་ཚོའི་གུས་བཀུར་ཡང་ཐོབ་ཡོད། ཁོང་ལ་སྔ་རྗེས་སུ་རྒྱལ་ཁབ་ཚན་རྩལ་ཡར་ཐོན་གྱི་བྱ་དགའ་རིམ་པ་གཉིས་པ་དང་། ཀྲུང་གོའི་ཚད་གཞི་གསར་གཏོད་ཀྱི་ལེགས་སྐྱེས་བྱ་དགའ་རིམ་པ་དང་པོ། བོད་རང་སྐྱོང་ལྗོངས་ཀྱི་ཚན་རིག་ལག་རྩལ་གྱི་གཟེངས་སུ་ཐོན་པའི་ལེགས་སྐྱེས་བྱ་དགའ། ཧོ་ལེའང་ཧོ་ལི་ཐེབས་རྩའི་ཚན་རིག་དང་ལག་རྩལ་གསར་གཏོད་བྱ་དགའ་སོགས་ཚན་རྩལ་བྱ་དགའ་གལ་ཆེན་10ལྷག་ཙམ་ཐོབ་པ་དང་། 2014ལོར་རྒྱལ་ཡོངས་ཀྱི་ཕུལ་དུ་བྱུང་བའི་ཆེད་ལས་ལག་རྩལ་ཤེས་ལྡན་མི་སྣའི་མཚན་སྙན་དང་རྒྱལ་ཁབ་ཀྱི“མི་ཁྲིའི་འཆར་གཞིའི”སྣེ་ཁྲིད་ཤེས་ལྡན་མི་སྣ་ཁག་དང་པོར་ཚུད་ཡོད་པ་རེད།

    མཚན་སྙན་གྱིས་ཉི་མ་བཀྲ་ཤིས་ལ་མུ་མཐུད་མདུན་སྐྱོད་བྱེད་དགོས་པའི་སྐུལ་མ་བཏང་ཡོད། ཁོང་གིས“ཤེས་བྱ་གསར་པ་སློབ་སྦྱོང་དང་སློབ་ཁྲིད་བྱེད་ཐབས་ལེགས་སུ་གཏོང་བ་ནི་ནམ་ཡང་རྒྱུན་འཁྱོངས་བྱེད་ཀྱི་ཡོད”ཅེས་བཤད།

    བློ་རྩེ་གཅིག་སྒྲིམ་གྱིས་སློབ་གསོ་ཆ་འཕྲིན་ཅན་འཛུགས་སྐྱོང་བྱས་པ།

    སློབ་གསོ་སློབ་ཁྲིད་ཆ་འཕྲིན་ཅན་ནི་སློབ་གསོ་གསར་གཏོད་དང་སློབ་གྲྭ་འཕེལ་རྒྱས་གཏོང་བའི་ཆུ་འགོ་ལྟ་བུར་གྱུར་ཡོད། བོད་ལྗོངས་སློབ་ཆེན་གྱི་སློབ་གཉེར་ཆ་འཕྲིན་ཅན་དང་དེང་རབས་ཅན་མངོན་འགྱུར་ཡོང་ཆེད། 1997ལོར། ཉི་མ་བཀྲ་ཤིས་ཀྱིས་ཚོགས་པའི་སྣེ་ཁྲིད་དེ་ལག་རྩལ་དཔུང་ཁག་ཧ་ཅང་དཀོན་པ་དང་ལག་རྩལ་གྱི་ཉམས་མྱོང་ཧ་ཅང་ཞན་པ་སོགས་དཀའ་ངལ་རབ་དང་རིམ་པ་ཁྱད་དུ་བསད་ནསCERNET(ཀྲུང་གོའི་སློབ་གསོ་དང་ཚན་ཞིབ་རྩིས་འཁོར་དྲ་བ)ལྷ་སའི་ལྟེ་བའི་མཚམས་ཚིགས་བདེ་བླག་ངང་བཙུགས་ནས་བོད་ཀྱི་དྲ་སྦྲེལ་ཞབས་འདེགས་ཞུ་མཁན་སྒྲིག་གཞི་དང་པོར་གྱུར་ཏེ། བོད་ཀྱི་རིམ་ཁག་སློབ་གསོ་དང་ཚན་ཞིབ་སྒྲིག་གཞིར་དྲ་རྒྱ་སྦྲེལ་མཐུད་དང་དྲ་རྒྱའི་ཆ་འཕྲིན་ཞབས་འདེགས་ཞུས་པ་དང་། རྒྱལ་ཡོངས་མཐོ་རྒྱུགས་ཀྱི་བོད་ལྗོངས་ས་ཁུལ་གྱི་དྲ་ཐོག་སློབ་བསྡུའི་ལས་དོན་བདེ་བླག་ངང་སྤེལ་ཐུབ་པའི་འགན་ལེན་བྱས་པ་རེད།

    1999ལོར་ཉི་མ་བཀྲ་ཤིས་ཀྱིས་བོད་ལྗོངས་སློབ་ཆེན་གྱི་དུས་ཐེངས་ལྔ་པའི་སློབ་གྲྭའི་རྩིས་འཁོར་དྲ་རྒྱ་དང་། གྲངས་གཞི་ཅན་གྱི་སློབ་གྲྭ གྲངས་གཞི་ཅན་གྱི་སློབ་ཁྲིད་མ་ལག་སོགས་སློབ་གསོ་སློབ་ཁྲིད་ཆ་འཕྲིན་ཅན་གྱི་རྨང་གཞིའི་སྒྲིག་བཀོད་འཆར་འགོད་དང་། བཟོ་སྐྲུན། འཁོར་སྐྱོད་དོ་དམ་བཅས་ཀྱི་འགན་འཁུར་བ་དང་སློབ་གྲྭའི་སློབ་ཁུལ་བཞི་ལ་ཁྱབ་པའི་བོད་ཀྱི་གཞི་ཁྱོན་ཆེ་ཤོས་ཀྱི་ཆ་འཕྲིན་དྲ་རྒྱ་དང་། བརྒྱུད་ལམ་སྣེ་མང་གི་སློབ་ཁྲིད་མ་ལག IPv6སློབ་ཁུལ་གྱི་དྲ་བ་དང་པོ་བཅས་སྐྲུན་པའི་འགན་ཁུར་ཡོད། ད་ཆ། བོད་ལྗོངས་སློབ་ཆེན་གྱི་དྲ་རྒྱའི་རྨང་གཞིའི་སྒྲིག་བཀོད་ཉིན་བཞིན་འཐུས་སྒོ་ཚང་དུ་ཕྱིན་པ་དང་དྲ་ཐོག་བཀོལ་སྤྱོད་སྣ་ཚོགས་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་ཕྱིན་ནས་སློབ་གྲྭའི་རིག་ཚན་འཆར་འགོད་དང་། ཤེས་ལྡན་པ་གསོ་སྐྱོང་། ཚན་རིག་ཞིབ་འཇུག་དང་དོ་དམ་བཅས་ཀྱི་ལས་དོན་ལ་ཆ་འཕྲིན་ཅན་གྱི་འགན་ལེན་གལ་ཆེན་མཁོ་འདོན་བྱས་ཡོད།

    སློབ་གསོའི་བྱ་གཞག་འཕེལ་རྒྱས་གཏོང་བའི་ལས་འགན་ལྕི་ལ་ལམ་ཐག་རིང་། འཐབ་ས་དང་པོའི་ལས་དོན་པ་ཞིག་གི་ངོས་ནས། ཉི་མ་བཀྲ་ཤིས་ཀྱིས་ལྷོད་གཡེང་སྤུ་ཙམ་ཡང་མ་བཏང་བར་ཁོང་གིས“ངས་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་མུ་མཐུད་བཏོན་ཏེ་གསར་གཏོད་རང་བཞིན་ལྡན་པའི་སྒོ་ནས་སློབ་གསོ་སློབ་ཁྲིད་དང་། སློབ་གསོ་སྒྱུར་བཅོས་དང་ཚན་རིག་ཞིབ་འཇུག བྱང་ཚད་སློབ་གསོ་བཅས་ཀྱི་ལས་དོན་ཡག་པོ་བསྒྲུབས་ནས་བོད་ལྗོངས་སློབ་ཆེན་དུ་འབད་འབུངས་དང་འཚོལ་ཞིབ་ཧུར་ཐག་བྱས་ཏེ། བོད་ཀྱི་སློབ་གསོའི་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྟོབས་ཤུགས་སྐྱེས་སུ་འབུལ་གྱི་ཡིན”ཞེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།