དབུ་ཤོག>གསར་འགྱུར།
  • འདི་ལོ་བོད་ཀྱིས་གཞུང་ལམ་འགྲིམ་འགྲུལ་འཛུགས་སྐྲུན་རྣམ་གྲངས་182 ལག་བསྟར་བྱ་རྩིས་ཡོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-04-28

     ཉེ་ཆར། གསར་འགོད་པར་རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་ནས་ཤེས་རྟོགས་བྱུང་བར། 2021ལོར་ལྗོངས་ཡོངས་ཀྱིས་གཞུང་ལམ་འགྲིམ་འགྲུལ་འཛུགས་སྐྲུན་རྣམ་གྲངས་182ལག་བསྟར་བྱ་རྩིས་ཡོད་པ་དང་། ཟླ་དང་པོ་ནས་གསུམ་པའི་བར་རྣམ་གྲངས་61ལས་འགོ་ཚུགས་པ(ལས་འགོ་བསྐྱར་ཚུགས)དང་། ལས་འགོ་ཚུགས་པ་དང་ལས་འགོ་བསྐྱར་ཚུགས་བྱེད་ཚད་33.5%ཟིན་པ་དང་ཞིང་འབྲོག་པ་1712ལས་ཞུགས་གཞན་སྒྱུར་ཐུབ་པ་དང་ཞིང་འབྲོག་པའི་ངལ་ནུས་ཡོང་འབབ་སྒོར་ཁྲི་1090.53འཕར་ཡོད།

    གསར་འགོད་པར་G4218ལྷ་ས་ནས་གཞིས་རྩེ་གནམ་ཐང་བར་གྱི་ལམ་དུམ་བུའི་གཞུང་ལམ་གསར་སྐྲུན་དང་བསྐྱར་སྐྲུན་ལས་གྲྭའི(ལམ་དཀྱིལ་དུམ་བུའི་ལས་གྲྭ)ལྷ་ས་དུམ་བུའི་རྣམ་གྲངས་འཛུགས་སྐྲུན་བྱ་ཡུལ་དུ་འཕྲུལ་ཆས་ཀྱི་སྒྲས་ཁེངས་པ་དང་ཨར་སྐྲུན་མི་སྣས་གོ་རིམ་ལྡན་པའི་ངང་ལས་ཀ་བྱེད་བཞིན་ཡོད་པ་མཐོང་བྱུང་། རྣམ་གྲངས་དེའི་བཀོད་འདོམས་པུའི་འགན་འཁུར་བས་རྣམ་གྲངས་བདེ་བླག་ངང་སྤེལ་ཐུབ་པའི་འགན་ལེན་བྱ་ཆེད། རྣམ་གྲངས་བཀོད་འདོམས་པུས་གན་རྒྱའི་ལས་ཡུན་གྱི་འཕེལ་རིམ་ཧྲིལ་པོའི་དམིགས་ཚད་ལ་གཞིགས་ནས་དངོས་ཡོད་གནས་ཚུལ་དང་ཟུང་འབྲེལ་བྱས་ཏེ། 2021ལོའི་ལོ་འཁོར་གྱི་ཨར་སྐྲུན་འཆར་གཞི་ལུགས་མཐུན་ངང་བཟོས་ཏེ་2020ལོའི་ལོ་མཇུག་གི་སྔ་སྣུར་དུ་འཕྲུལ་ཆས་སྒྲིག་ཆས་དང་རྒྱུ་ཆ་གྲ་སྒྲིག་འོས་འཚམ་བྱས་ཡོད།མིག་སྔར་ཨར་འདམ་དང་། ལྕགས། བྱེ་རྡོ་སོགས་རྒྱུ་ཆས་ཨར་རྒྱག་གི་དགོས་མཁོ་སྤྱིར་ན་སྐོང་ཐུབ་ནས་ལས་མཚམས་འཇོག་པ་དང་རྒྱུ་ཆ་མི་འདང་བའི་གནས་ཚུལ་ཐོན་མེད། འཕྲུལ་ཆས་སྣ་ཚོགས(ཆ་ཚང)503དེ་གར་འབྱོར་བ་དང་དམིགས་བསལ་སྒྲིག་ཆས་ནང་ས་ནས་སྔ་སྣུར་དུ་སྒྲིག་འཛུགས་བྱས་པ་མ་ཟད། ས་གནས་འདི་གའི་གཏན་འབེབས་གཞིར་བཟུང་དུག་སེལ་བྱས་ནས་མིག་སྔར་ལས་ཡུལ་ཁག་ཏུ་ལས་ཀ་བྱེད་བཞིན་ཡོད་ཅེས་ངོ་སྤྲོད་བྱས། ངོ་སྤྲོད་བྱས་པར་གཞིགས་ན། G4218ལྷ་ས་ནས་གཞིས་རྩེའི་གནམ་ཐང་བར་གྱི་དུམ་བུའི་གཞུང་ལམ་གྱི་གསར་སྐྲུན་བསྐྱར་སྐྲུན་ལས་གྲྭ(བར་གྱི་དུམ་བུའི་ལས་གྲྭ)ལྷ་སའི་དུམ་བུར་རང་སྐྱོང་ལྗོངས་གཙོ་གནད་གཞུང་ལམ་འཛུགས་སྐྲུན་རྣམ་གྲངས་དོ་དམ་ལྟེ་གནས་ཀྱིས་དོ་དམ་བྱེད་ཀྱི་ཡོད་པ་དང་། ལྟེ་གནས་དེས་དོ་དམ་བྱེད་པའི་རྣམ་གྲངས་43ཟླ་གསུམ་པའི་ཟླ་མཇུག་གོང་ཚང་མ་ལས་འགོ་བསྐྱར་ཚུགས་དང་ཐོན་སྐྱེད་སླར་གསོ་བྱས་ཡོད།

    རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། རང་སྐྱོང་ལྗོངས་འཕྲོད་བསྟེན་སྡེ་ཚན་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་གྱི་རྒྱུན་རྣམ་ཅན་གྱི་བླང་བྱ་གཞིར་བཟུང་། ལྗོངས་ཡོངས་ཀྱི་གཞུང་ལམ་འཛུགས་སྐྲུན་ཚན་པས་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་གྱི་སྲིད་ཇུས་ལག་བསྟར་ནན་པོ་བྱས་ཏེ། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བྱ་ཐབས་སྣ་ཚོགས་དོན་འཁྱོལ་བྱེད་པ་དང་དུས་མཚུངས། ལས་ཡུལ་དུ་ཡོང་མཁན་མི་སྣར་བདེ་ཐང་བརྟག་དཔྱད་བྱས་ཏེ་ཨར་ལས་བྱ་ཡུལ་དང་བོད་དུ་རིམས་ནད་མི་བགོ་བའི་འགན་ལེན་བྱེད་ཀྱི་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།