དབུ་ཤོག>གསར་འགྱུར།
  • ཕྱོགས་གསུམ་གྱིས་མཉམ་ལས་གྲོས་མཐུན་བཞག་ནས་བོད་སྐྱོད་བགྲོད་ལམ་གཙོ་བོའི་འགྲུལ་ཟོག་སྐྱེལ་འདྲེན་ལྟེ་བར་ཤུགས་སྣོན་བརྒྱབ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-04-27

    གསར་འགོད་པར་བོད་ལྗོངས་མཁའ་འགྲུལ་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱུང་བར། ཉེ་ཆར་བོད་ལྗོངས་མཁའ་འགྲུལ་ཚད་ཡོད་ཀུང་སི་དང་། སི་ཁྲོན་ཞིང་ཆེན་གནམ་ཐང་ཚད་ཡོད་ཀུང་སི། དེ་བཞིན་ཁྲེང་ཏུའུ་གྲོང་ཁྱེར་ཧྲོང་ལིའུ་ཆུས་མི་དམངས་སྲིད་གཞུང་བཅས་ཀྱིས་འཐབ་ཇུས་མཉམ་ལས་ཀྱི་གྲོས་མཐུན་བཞག་ནས་བོད་སྐྱོད་བགྲོད་ལམ་གཙོ་བོའི་འགྲུལ་ཟོག་སྐྱེལ་འདྲེན་ལྟེ་བར་ཤུགས་སྣོན་བརྒྱབ་པ།

    ཤེས་རྟོགས་བྱུང་བར་གཞིགས་ན། འཐབ་ཇུས་མཉམ་ལས་གྲོས་མཐུན་བཞག་རྗེས་བོད་ལྗོངས་མཁའ་འགྲུལ་གྱིས་མཁའ་འགྲུལ་ཟོག་འགྲེམས་ཀུང་སི་བཙུགས་ཏེ། ཁྲེང་ཏུའུ་ཧྲོང་ལིའུ་རྒྱལ་སྤྱིའི་གནམ་ཐང་གཉེར་སྐྱོང་རྟེན་གཞི་གཙོ་བོར་བྱེད་པའི་མཁའ་འགྲུལ་ཟོག་སྐྱེལ་ལས་སྒོ་སྤེལ་བ་དང་ས་མཐོའི་ཁྱད་ཆོས་ལྡན་པའི་མཁའ་འགྲུལ་ཟོག་སྐྱེལ་ལྟེ་བར་ཤུགས་སྣོན་བརྒྱབ་པ།

    “རང་ལྗོངས་ཀྱི་མཁའ་འགྲུལ་ཀུང་སི་ཞིག་ཡིན་པའི་ངོས་ནས་ང་ཚོས་འགན་ལེན་ནུས་པ་དང་འགྲུལ་ཟོག་སྐྱེལ་འདྲེན་གྱི་ནུས་པ་དང་ཞབས་ཞུའི་ཆུ་ཚད་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་རང་ལྗོངས་དང་རྒྱལ་ཡོངས་ས་གནས་ཁག་གི་མཁའ་ཐོག་འགྲིམ་འགྲུལ་དྲ་རྒྱ་རྒྱུན་ཆད་མེད་པར་འཐུས་ཚང་དུ་གཏོང་ཆེད་ལེགས་སྐྱེས་འབུལ་རྒྱུ་ཡིན”ཞེས་ཀུང་སི་དེའི་འགན་འཁུར་བས་བཤད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།