ཚེས་25ཉིན་གྱི་སྔ་དྲོ། 2021ལོའི་རང་སྐྱོང་ལྗོངས་ཀྱི་གཞི་རིམ་སྒྲོག་འགྲེལ་པའི་གསོ་སྦྱོང་འཛིན་གྲྭའི་སློབ་འགོ་ཚུགས་པའི་མཛད་སྒོ་ལྷ་སར་འཚོགས་ཤིང་། གྲོང་ཁྱེར་དང་ས་ཁུལ་7གྱི་གཞི་རིམ་སྒྲོག་འགྲེལ་པའི་རྐང་འཛིན་པ་ཁྱོན་900ལྷག་ཙམ་གསོ་སྦྱོང་ནང་ཞུགས་པ་རེད།
ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་གསོ་སྦྱོང་གི་སློབ་ཚན་བཀོད་སྒྲིག་ཐད་རིགས་པའི་གཞུང་ལུགས་སློབ་སྦྱོང་དང་ས་གནས་ས་ཐོག་གི་ལྟ་སྐོར་ཟུང་འབྲེལ་བྱ་རྒྱུ་གལ་ཆེར་འཛིན་པ་དང་། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བར་དམིགས་ཏེ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་འབྲེལ་ཡོད་ནང་དོན་གསོ་སྦྱོང་བྱས་པ་དང་། ལྷག་པར་དུ་ཐན་ཀོན་སན་གྱི་དྲན་གསོ་ཁང་དང་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོ་ཁང་དུ་གཅིག་སྡུད་ལྟ་སྐོར་བྱས་ཏེ་སློབ་མ་ཚོས་ས་གནས་ས་ཐོག་གི་ལྟ་སྐོར་ཁྲོད་ནས་ཏང་གི་བསམ་བློའི་ཟིལ་ཤུགས་ཚོར་ཐུབ་པ་དང་། ཏང་གི་བཀའ་དྲིན་བློ་ལ་བརྟན་པོར་ངེས་པ། བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་པ་བཅས་བྱས་ཡོད། གསོ་སྦྱོང་སློབ་སྦྱོང་བརྒྱུད་སློབ་མ་ཚོས་སྒྲོག་འགྲེལ་གྱི་གཙོ་གནད་ཁོང་དུ་ཆུད་པ་དང་། སྒྲོག་འགྲེལ་གྱི་ལས་འགན་ཁ་གསལ་བ། སྒྲོག་འགྲེལ་བྱེད་ཐབས་ཁོང་དུ་ཆུད་པ། སྒྲོག་འགྲེལ་ནུས་པ་ཆེ་རུ་ཕྱིན་ནས་འདི་ལོའི་རིགས་པའི་གཞུང་ལུགས་ཀྱི་སྒྲོག་འགྲེལ་ལས་དོན་ཡག་པོ་སྒྲུབ་ཆེད་རྨང་གཞི་བརྟན་པོ་ཞིག་བཏིང་བ་རེད།