གསར་འགོད་པས་དམངས་སྤྱོད་མཁའ་འགྲུལ་བོད་རང་སྐྱོང་ལྗོངས་དོ་དམ་ཅུས་ནས་ཤེས་རྟོགས་བྱས་པར། ཚེས་23ཉིན་ལྷ་ས་གོང་དཀར་རྒྱལ་སྤྱིའི་གནམ་ཐང་གི་འབབ་ཚུགས་ཁུལ་གྱི་བསྐྱར་སྐྲུན་རྒྱས་སྐྲུན་ལས་གྲྭའི་འབབ་སྟེགས་ལས་གྲྭའི་དུས་མཚམས་གཉིས་པ་དང་ཟོག་འདྲེན་ས་ཚིགས་ཀྱི་དམངས་སྤྱོད་མཁའ་འགྲུལ་ཆེད་ལས་ལས་གྲྭ་ལས་མཇུག་འགྲིལ་ནས་ཞིབ་བཤེར་རྩིས་ལེན་ཐུབ་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་ཞིབ་བཤེར་རྩིས་ལེན་ནང་འབབ་སྟེགས་ལས་གྲྭའི་གནམ་གྲུ་འཇོག་ས་10དང་དེ་བཞིན་ཞབས་ཞུའི་འཁོར་ལམ་དང་། མཁའ་སྐྱོད་འགྲིམ་འགྲུལ་དོ་དམ་ལས་གྲྭའི་གནས་མང་པོའི་ངེས་གནས་མ་ལག དེ་བཞིན་སྨི་ངོས་གྲུ་10791གི་འགྲུལ་སྐྱེལ་ས་ཚིགས་དང་སྨི་ངོས་གྲུ་16000ཡི་དངོས་ཟོག་འབེབས་ས་སོགས་ཡོད་པ་རེད།
ཚེས་22ནས་ཚེས་23ཉིན་བར་ཞིབ་བཤེར་རྩིས་ལེན་ཚོགས་ཆུང་གིས་ལས་གྲྭའི་འཛུགས་སྐྲུན་གནས་ཚུལ་ལ་ཞིབ་བཤེར་ནན་ཏན་བྱས་རྗེས། འབྲེལ་ཡོད་ཀྱི་ཡིག་ཆ་དང་དཔྱད་གཞིར་ཞིབ་ལྟ་བྱས་ནས་ལས་གྲྭ་དེ་རྩ་བའི་ཆ་ནས་ཇུས་འགོད་ཀྱི་མཆན་འགོད་བཀའ་ལན་གྱི་གཞི་ཁྱོན་དང་ནང་དོན་གཞིར་བཟུང་འཛུགས་སྐྲུན་བྱས་པ་དང་། རྣམ་གྲངས་ཀྱི་སྤྱིའི་འཛུགས་སྐྲུན་གནས་ཚུལ་ལེགས་པོ་ཡོད་པས་ཞིབ་བཤེར་རྩིས་ལེན་ཐུབ་ཡོད།