དབུ་ཤོག>གསར་འགྱུར།
  • ཞི་ཅིན་ཕིང་གི་དཔེ་ཀློག་སྐོར་གྱི་གདམས་པ་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-04-25

    བསམ་གཞིག་གཏིང་ཟབ་བྱེད་དགོས།

    འགོ་ཁྲིད་ལས་བྱེད་པའི་དཔེ་ཀློག་གི་མྱོང་བ་ཕུན་སུམ་ཚོགས་པ་དང་། རང་རྐྱ་འཕེར་བའི་བསམ་གཞིག་གི་ནུས་པ་ཆེ་ཙམ་དགོས་ཤིང་། གནད་དོན་བློ་ལ་བཟུང་ནས་དཔེ་དེབ་ཀློག་པ་དང་། དཔེ་དེབ་ཀློག་གིན་དུ་བསམ་གཞིག་བྱེད་པའི་གོམས་གཤིས་འཇགས་དགོས། དཔེ་དེབ་རྒྱ་ཆེན་པོ་བཀླགས་པའི་རྨང་གཞིའི་སྟེང་། དོན་དངོས་དང་ཟུང་འབྲེལ་གྱིས་ཀླད་པ་དཀྲུགས་ནས་དོན་དངོས་ཁྲོད་ཀྱི་དོགས་འཆར་ལ་བསམ་གཞིག་གཏིང་ཟབ་བྱས་ཏེ། སྣང་ལ་མ་ངེས་པའི་རྟོགས་པ་མ་ལག་ཅན་དང་། ཡན་གར་བའི་རྟོགས་པ་ཕན་ཚུན་འབྲེལ་བ་ཅན། རགས་ཤིང་རྩིང་བའི་རྟོགས་པ་ཞིབ་ཅིང་ཟབ་པར་འགྱུར་བ། རང་སྣང་གི་རྟོགས་པ་གཞི་གྲུབ་ཏུ་འགྱུར་བ་བཅས་བྱེད་དགོས།

    བརྩོན་པ་ཤུགས་ཀྱིས་བསྐྱེད་དགོས།

    བརྩོན་པ་ཤུགས་ཀྱིས་སྐྱེད་དགོས། དཔེ་དེབ་མང་དུ་བཀླགས་ཚེ། དེ་དོན་ཁོང་དུ་ཆུད་ཐུབ། རྟག་གུས་བརྩོན་པའི་ཚད་ངེས་ཅན་ཞིག་ཏུ་བསླེབས་ན། རྟོགས་པ་རང་བཞིན་དུ་གྲོལ་བའི་གནས་བབ་ཏུ་སླེབས་ངེས། དཔེ་དེབ་ཡག་པོ་ཞིག་དང་། རྩོམ་ཡིག་ལེགས་པོ་ཞིག ཡང་ནས་བསྐྱར་དུ་ཀློག་དགོས་ལ། ཞིབ་ཅིང་ཕྲ་བར་མྱོང་དགོས་པ་མ་ཟད། ཐ་ན་འབྲེལ་ཡོད་ཀྱི་དཔེ་དེབ་དང་རྒྱབ་ལྗོངས་ཀྱི་རྒྱུ་ཆ་བཙལ་ནས་གཤིབ་བསྡུར་གྱིས་བཀླགས་ཏེ། དོན་གྱི་སྙིང་པོ་ཁ་གསལ་མཐིལ་རྟོགས་ཐུབ་པར་བྱེད་དགོས།

    ཤེས་སྤྱོད་གཞི་གཅིག་ཏུ་འབྲེལ་དགོས།

    དཔེ་ཀློག་དང་སློབ་གཉེར་ནི་དོན་དུ་ཉེས་སྤངས་དགེ་སྒྲུབ་དང་། འཁྲུལ་སེལ་བདེན་འཚོལ་གྱི་བརྒྱུད་རིམ་ཞིག་ཡིན་པས། ངེས་པར་དུ་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། ཤེས་སྤྱོད་གཞི་གཅིག་ཏུ་འབྲེལ་བ་དང་། རིགས་པའི་གཞུང་ལུགས་ཀྱི་མཛུབ་ཁྲིད་དང་ཤེས་རིག་གི་མྱོང་རྟོགས་སྤྱད་པ་བརྒྱུད། དོན་དམ་དངོས་པོའི་འཕེལ་རྒྱས་ཀྱི་ཆོས་ཉིད་ལ་རིགས་པས་དཔྱོད་དགོས། གནའ་མིས“གླེགས་བམ་ལས་ཐོབ་རིག་པ་མི་བརྟན་པས། བདེན་དོན་དཔྱད་ཚེ་དོན་གཉེར་ལམ་དུ་ཞུགས། རྣ་བས་ཐོས་ལས་མིག་མཐོང་ལག་ཟིན་གཙོ། མིག་མཐོང་ལག་ཟིན་ལས་ཀྱང་ལག་ལེན་གཙོ”ཞེས་གསུངས་པའི་གནས་ལུགས་ཀྱང་དེའོ།།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།