ཉེ་ཆར། གསར་འགོད་པར་ཀྲུང་གོ་མི་དམངས་དངུལ་ཁང་ལྷ་ས་ལྟེ་བའི་ཉིང་ལག་དངུལ་ཁང་ནས་ཤེས་རྟོགས་བྱུང་བར། འདི་ལོའི་དུས་ཚིགས་དང་པོར། ཀྲུང་གོ་མི་དམངས་དངུལ་ཁང་གིས་བཏོན་པའི་བསྡུ་དགོས་རིགས་ཀྱི་རྩིས་ཁྲའི་མ་དངུལ་བསྡུ་སྒྲིལ་ཞབས་ཞུའི་ལས་སྟེགས་སུ་རང་ལྗོངས་ཀྱི་གསར་དུ་ཐོ་འགོད་བྱེད་མཁན་ཁེ་ལས་43དང་འབྲེལ་མཐུད་སྤྱོད་མཁན་ཁེ་ལས་23ཡོད་པ་རེད། དེའི་ནང་གསར་དུ་ཐོ་འགོད་བྱས་པའི་ཁེ་ལས་འབྲིང་བ་དང་ཕྲན་ཚེགས་ཁེ་ལས་33དང་སྤྱོད་མཁན་ཁེ་ལས་19ཡོད་པ་རེད། ལས་སྟེགས་སུ་མ་དངུལ་བསྡུ་སྒྲིལ་ཐེངས་22བྱས་པ་དེར་མ་དངུལ་སྒོར་དུང་ཕྱུར་13.19ཟིན་པ། ཁེ་ལས་འབྲིང་བ་དང་ཕྲན་ཚེགས་ཁེ་ལས་ཀྱི་མ་དངུལ་བསྡུ་སྒྲིལ་ཐེངས་19བྱས་པ་དེར་མ་དངུལ་སྒོར་དུང་ཕྱུར་12.28ཟིན་ཡོད་པ་རེད།
གོམ་སྟབས་རྗེས་མར་མི་དམངས་དངུལ་ཁང་ལྷ་ས་ལྟེ་བའི་ཉིང་ལག་དངུལ་ཁང་གིས་ཁོངས་གཏོགས་ཁུལ་ནང་གི་དངུལ་རྩའི་སྒྲིག་གཞི་མུ་མཐུད་སྒྲིག་འཛུགས་དང་སྣེ་ཁྲིད་བྱས་ཏེ“ཁྲོམ་རའི་བྱེད་པོ་འགན་ལེན་བྱེད་པ་ནི་རང་ངོས་འཕེལ་རྒྱས་འགན་ལེན་བྱེད་པ”ཞིག་ཡིན་པའི་འདུ་ཤེས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ཏེ། ལས་སྟེགས་དྲིལ་བསྒྲགས་དང་ཁྱབ་གདལ་གཏོང་ཤུགས་ཆེ་རུ་གཏོང་བ་དང་ལས་སྟེགས་ཀྱི་ནུས་པ་དང་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས་ཁེ་ལས་འབྲིང་བ་དང་ཕྲན་ཚེགས་ཁེ་ལས་ཀྱི་མ་དངུལ་བསྡུ་སྒྲིལ་གྱི་དཀའ་གནད་སེལ་ཆེད། ནུས་ཆེ་དང་སྤུས་ལེགས་ཀྱི་དྲ་ཐོག་ཞབས་ཞུ་བྱས་ཏེ་ཁེ་ལས་སྐྱོན་བྲལ་དང་རྒྱུན་སྲིང་ངང་འཕེལ་རྒྱས་འགྲོ་རྒྱུར་འདེགས་སྐྱོར་བྱ་རྒྱུ་ཡིན་པ་རེད།