དབུ་ཤོག>གསར་འགྱུར།
  • དུས་ཚིགས་དང་པོར་ཉིང་ཁྲི་གྲོང་ཁྱེར་གྱིས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་40ལེགས་འགྲུབ་ཟིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-04-25

    འདི་ལོ་ནས་བཟུང་། ཉིང་ཁྲི་གྲོང་ཁྱེར་གྱིས་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ནས་བརྟན་ཐོག་ལེགས་འཕེལ་གྱི་ལས་དོན་གྱི་རྩ་བའི་དགོངས་གཞི་མཐའ་འཁྱོངས་དང་། ཞན་ཆའི་ལྷུ་ཚིགས་དང་འགག་རྩའི་ཁྱབ་ཁོངས་ལ་དམིགས་པ། གནད་སྨིན་ཇུས་བསྟར་དང་གནད་སྨིན་ཤུགས་འདོན་བཅས་བྱས་པས་དཔལ་འབྱོར་འཁོར་སྐྱོད་སྤྱིའི་ཆ་ནས་འཕེལ་རྒྱས་ཆེན་པོ་དང་བརྟན་པའི་རྣམ་པ་རྒྱུན་འཁྱོངས་ཐུབ་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཕྱོགས་སུ་སྐྱོད་ཐུབ་སྟེ་དུས་ཚིགས་དང་པོར་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར(GDP)སྒོར་དུང་ཕྱུར་40ཟིན་ནས་དུས་མཚུངས་ལས་11%འཕར་ཏེ་2019ལོའི་དུས་མཚུངས་ལས་41.2%འཕར་ནས་ལྗོངས་ཡོངས་ཀྱི་མདུན་གྲལ་དུ་སླེབས་རྒྱུ་རྒྱུན་འཁྱོངས་ཐུབ་ཡོད། གཏན་འཇགས་རྒྱུ་ནོར་ལ་མ་དངུལ་གཏོང་ཚད་སྒོར་དུང་ཕྱུར་14.6ཟིན་ནས་དུས་མཚུངས་ལས་201.3%འཕར་ཏེ་2019ལོའི་དུས་མཚུངས་ལས་12.6%འཕར་ནས་ལྗོངས་ཡོངས་སུ་སྔོན་སྐྱོད་བྱ་རྒྱུ་རྒྱུན་མཐུད་ཐུབ་ཡོད། སྤྱི་པའི་སྔོན་རྩིས་ལ་ཡོང་འབབ་སྒོར་དུང་ཕྱུར་4.97བྱུང་སྟེ་དུས་མཚུངས་ལས་67.9%འཕར་བ། དེ་2019ལོའི་དུས་མཚུངས་ལས་146%འཕར་ནས་འཕར་ཚད་མགྱོགས་པའི་རྣམ་པ་རྒྱུན་འཁྱོངས་ཐུབ་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།