དབུ་ཤོག>གསར་འགྱུར།
  • འཚོ་བ་གསར་པ་གཏོད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-04-23

    414958_yis_1619107200000_s.jpg

    ཉེ་བའི་ལོ་ཤས་རིང་། ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་ཀྱིས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འགྲོ་ལམ་དང་། སྤྱི་པའི་གསང་སྤྱོད། སྡོད་ཁང་སྐྱོ་ཁུལ་སྒྱུར་བཀོད་སོགས་ཀྱི་རྣམ་གྲངས་ལ་སྐུལ་འདེད་བཏང་བ་བརྒྱུད་ཁོངས་གཏོགས་ཁུལ་གྱི་ཁོར་ཡུག་ཟམ་མི་ཆད་པར་ལེགས་སུ་སོང་ཞིང་། ཉེ་འགྲམ་དུ་རིམ་བཞིན་འགྱུར་ལྡོག་བྱུང་བ་མང་ཚོགས་ཀྱིས་མིག་མཐོང་ལག་ཟིན་བྱུང་ཡོད། དེ་དང་ཆབས་ཅིག ཁ་རུབ་ཆུས་ཀྱིས་ཡུལ་དེ་གའི་ཞིང་འབྲོག་མང་ཚོགས་སྒྲིག་འཛུགས་ཧུར་ཐག་བྱས་ནས་ལས་གྲྭ་འཛུགས་སྐྲུན་ལ་ཞུགས་པས་ཞིང་འབྲོག་མང་ཚོགས་ཐག་ཉེ་ས་ནས་ཡོང་འབབ་གསོག་ཐུབ་པ་བྱུང་བ་རེད། འདི་ནི་ཞིང་འབྲོག་མང་ཚོགས་ཀྱིས་ལམ་བཟོ་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།