དབུ་ཤོག
  • དམིཌ་བསལ་བརྡ་ཐོ། ཁ་ལོ་བ་ཚོས་ལམ་དུམ་འདིར་སྐྱོད་སྐབས་ཡིད་གཟབ་གནང་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-04-23

    ལྷ་ས་གྲོང་ཁྱེར་དར་དམར་ལམ་དུ་མོ་ཊ་ཁ་ཕྱོགས་གཅིག་ལ་མ་གཏོགས་སྐྱོད་མི་ཆོག་པའི་སྐོར་གྱི་བརྡ་ཁྱབ།



    微信图片_20210423103431.png

        ལྷ་ས་གྲོང་ཁྱེར་དར་དམར་ལམ་གྱི་འགྲིམ་འགྲུལ་དོ་དམ་ལས་དོན་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་ནས། ལམ་དུམ་འདིར་རླངས་འཁོར་མང་པོ་འགགས་པ་དང་རླངས་འཁོར་འཇོག་དཀའ་བ་སོགས་ཀྱི་འགྲིམ་འགྲུལ་གནད་དོན་ཐག་གཅོད་བྱ་ཆེད།2021ལོའི་ཟླ་4ཚེས་23ཉིན་ནས་བཟུང་།ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གིས་དར་དམར་ལམ་དུ་མོ་ཊ་ཁ་ཕྱོགས་གཅིག་ལ་མ་གཏོགས་སྐྱོད་མི་ཆོག་པ་བཟོ་རྒྱུ་ཡིན་ཞིང་། འབྲེལ་ཡོད་བརྡ་ཁྱབ་གཤམ་གསལ་ཏེ།
    གཅིག མོ་ཊ་ཁ་ཕྱོགས་གཅིག་ནས་མ་གཏོགས་སྐྱོད་མི་ཆོག་པའི་ལམ་དུམ། དར་དམར་ནུབ་ལམ་དང་དར་དམར་བྱང་ལམ།
       གཉིས། འགྲོ་སྐྱོད་ཆོག་པའི་ལམ་ཐིག
        ཅང་སུའུ་ཤར་ལམ་ནས་འཛུལ་ཏེ་གཙང་རལ་ལམ་ནས་དོན་མཁན།ནུབ་ནས་ཤར་ལ་སྐྱོད་ཆོག་ཅིང་ཤར་ནས་ནུབ་ལ་སྐྱོད་མི་ཆོག་པ། 
        ཀརྨ་དགོན་གསར་ནས་འཛུལ་ཏེ་གཙང་རལ་ལམ་ནས་དོན་མཁན།བྱང་ནས་ཤར་དུ་སྐྱོད་སྐབས་གཡོན་ལ་ཁ་ཕྱོགས་བསྒྱུར་ཆོག་པ་དང་། བྱང་ནས་ནུབ་ཏུ་སྐྱོད་སྐབས་གཡས་ལ་ཁ་ཕྱོགས་བསྒྱུར་མི་ཆོག་པ། 
        ཅང་སུའུ་ཤར་ལམ་ནས་འཛུལ་མཁན།ཀརྨ་དགོན་གསར་ལམ་ནས་སྐྱོད་མི་ཆོག(མོ་ཊ་ནུབ་ནས་བྱང་དུ་སྐྱོད་སྐབས་གཡོན་ལ་ཁ་ཕྱོགས་བསྒྱུར་མི་ཆོག)
    གསུམ། གྲོང་ཁྱེར་འགྲིམ་འགྲུལ་སྡེ་ཚན་གྱིས་དར་དམར་ནུབ་ལམ་དུ་མོ་ཊ་འཇོག་ས་94བཟོས་ཡོད་པ་དང་།དར་དམར་བྱང་ལམ་དུ་མོ་ཊ་འཇོག་ས་75བཟོས་ཡོད་པས། རྒྱ་ཆེའི་ཁ་ལོ་བས་ཡང་དག་དང་། ཁ་ཕྱོགས་མི་ནོར་བ། གོ་རིམ་ལྡན་པ་བཅས་ཀྱི་སྒོ་ནས་མོ་ཊ་འཇོག་དགོས།
     བཞི། རྒྱ་ཆེའི་ཁ་ལོ་བས་འགྲིམ་འགྲུལ་མཚོན་རྟགས་དང་ལམ་ཐིག་ལ་བརྩི་སྲུང་ནན་པོ་ཞུས་ནས། གཏན་འབེབས་ལྟར་སྐྱོད་དགོས། སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱིས་མོ་ཊ་ཁ་ཕྱོགས་གཅིག་ནས་མ་གཏོགས་སྐྱོད་མི་ཆོག་པའི་ལམ་དུམ་དུ་གློག་རྡུལ་པར་ཆས་བསྒར་ནས། ལམ་ལྡོག་སྟེ་བསྐྱོད་མཁན་དང་ཁྲིམས་འགལ་ངང་མོ་ཊ་འཇོག་མཁན་ལ་ཆད་པ་གཅོད་རྒྱུ་རེད།
        ཆེད་དུ་བརྡ་ཁྱབ་འདི་བཏང་།
    ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག
    2021ལོའི་ཟླ་4ཚེས་20ཉིན།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།