དབུ་ཤོག>གསར་འགྱུར།
  • སྤོས་ཀྱི་དྲི་ཞིམ་ཕྱོགས་བཅུར་འཐུལ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-04-21

    312568_yis_1617120000000_s.jpg

    ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱིས་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་ལ་རོགས་སྐྱོར་ཤུགས་ཆེན་བྱས་ཏེ། ཡུལ་བབ་དང་བསྟུན་ནས་འདེབས་འཛུགས་ལས་རིགས་དང་། ཞིང་འབྲོག་ཐོན་རྫས་ལས་སྣོན་ལས་རིགས། ཟོག་འགྲེམས་སྐྱེལ་འདྲེན་ལས་རིགས། མི་རིགས་ལག་ཤེས་བཟོ་ལས་སོགས་ཁྱད་ལྡན་ཆེད་ལས་མཉམ་ལས་ཁང་བཙུགས་པ་རེད། དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་བྱུང་བའི་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་གིས་ཞིང་འབྲོག་ཁུལ་གྱི་ཐོན་ཁུངས་ཡོང་འབབ་ལ་འགྱུར་བ་མ་ཟད། ཞིང་འབྲོག་པའི་ཐོན་སྐྱེད་གཉེར་སྐྱོང་བྱེད་སྟངས་འགྱུར་ལྡོག་བཏང་བ་དང་ཞིང་འབྲོག་ལས་འཕེལ་རྒྱས་དང་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་ཀྱང་བཏང་ཞིང་། འདི་ནི་སྙེ་མོ་རྫོང་ཐོན་པ་གྲོང་རྡལ་གྱི་ཞིང་འབྲོག་པའི་སྤོས་ཆེད་ལས་མཉམ་ལས་ཁང་གི་ལས་མིས་སྤོས་གྲིབ་སྐམ་གཏོང་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།