དབུ་ཤོག>གསར་འགྱུར།
  • ས་མཐོར་སྔོ་ལྗང་ལས་ལ་གཞོལ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-04-20

    414510_yis_1618848000000_s.jpg

    ཉེ་ཆར་མངའ་རིས་ས་ཨུད་ཁོངས་གཏོགས་དང་། སྲིད་འཛིན་ཀུང་ཧྲུའུ་ཡི་ཁོངས་གཏོགས། ས་ཁུལ(ཀྲུང་དབྱང)ཐད་གཏོགས་ཚན་པ། སློབ་གྲྭ་དང་ཁེ་ལས་སོགས་ཚན་པ་85ཡིས་སྒར་རྫོང་སེང་གེ་ཁ་འབབ་གྲོང་རྡལ་གྱི་བྱེ་འགོག་བྱེ་བཅོས་ལས་སྒྲུབ་ས་ཚིགས་སུ་དམངས་ཡོངས་ཀྱི་འོས་འགན་ཤིང་འཛུགས་བྱེད་སྒོ་སྤེལ་བ་རེད།

    ད་ཐེངས་ཀྱི་འོས་འགན་ཤིང་འཛུགས་བྱེད་སྒོ་དུས་ཡུན་ཉིན་གསུམ(ཟླ་4ཚེས་14ནས་16ཉིན་བར)ཡིན་པ་དང་། ཁོར་ཡུག་འཕྲོད་ནུས་ཆེ་བའི་རྒྱ་ལྕང་གཙོ་བོར་འདེབས་འཛུགས་བྱས་པ་དང་སྔོན་དཔག་བྱས་ན་སྡོང་ཕྲུག་གསོན་ཚད་85%ཡན་ཟིན་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།