གཅིག འབྲས་སྐྲན་ཕོག་མཁན་གྱི་བཟའ་བཏུང་གསོ་བཅོས།
འཚོ་བཅུད་འཇུ་མི་ཐུབ་པ་ནི་འབྲས་སྐྲན་ཕོག་མཁན་གྱི་གནད་དོན་གཙོ་བོ་རེད། བཟའ་བཏུང་གི་འཚོ་བཅུད་ལེགས་སུ་བཏང་ཚེ་འབྲས་སྐྲན་ཕོག་མཁན་གྱི་ནད་འགོག་ནུས་པ་ཆེ་རུ་ཕྱིན་ནས་འབྲས་སྐྲན་ཕོག་མཁན་གྱི་སྨན་བཅོས་དང་དྲག་སྐྱེད་ལ་ཕན་པ་ཡོད། དེར་བརྟེན། བཟའ་བཏུང་གི་གསོ་བཅོས་ཀྱིས་འབྲས་སྐྲན་ཕོག་མཁན་གྱི་རྒྱུན་གཏན་གྱི་ལུས་ཁམས་བདེ་སྲུང་ལ་ནུས་པ་གལ་ཆེན་ཐོན་གྱི་ཡོད།
གཅིག རབ་བྱུང་ན་འཇུ་སླ་ཞིང་འཚོ་བཅུད་ལེགས་པའི་སྤྲི་དཀར་རིགས་ཀྱི་བཟའ་བཅའ་བདམས་དགོས། དཔེར་ན། འོ་མ་དང་། སྒོ་ང་། ཉ། སྲན་རིགས་བཟའ་བཅའ་སོགས་ཀྱིས་འབྲས་སྐྲན་འགོག་ནུས་ཆེ་རུ་གཏོང་ཐུབ།
གཉིས། མངར་ཆ་འོས་འཚམ་བཟས་ནས་དྲོད་ཚད་གསབ་དགོས། ཚད་མང་བའི་འོད་འཕྲོའི་བཅོས་ཐབས་དང་ལེན་བྱེད་མཁན་ནད་པའི་ལུས་པོའི་ནང་གི་མངར་བཅུད་རྙིང་ཚབ་གསར་བྱེད་ཀྱི་ནུས་པར་གཏོར་སྐྱོན་ཐེབས་ནས་ཟུངས་ཁྲག་ཁྲོད་འོ་སྐྱུར་མང་དུ་འགྲོ་བ་དང་། དེ་དང་དུས་མཚུངས་སུ་གཤེར་མའི་ཕུང་རྩིའི་བྱེད་ནུས་མི་འདང་བའི་སྣང་ཚུལ་ཚབས་ཆེ་རུ་འགྲོ་སྲིད། དེར་བརྟེན། རྒུན་འབྲུམ་མངར་ཆ་ཁ་གསབ་བྱས་ཚེ་ཕན་འབྲས་ཅུང་བཟང་བ་ཡོད། གཞན་ཡང་། སྦྲང་རྩི་དང་། འབྲས། གྲོ་ཕྱེ། ཞོག་ཁོག་སོགས་མངར་བཅུད་ཕུན་སུམ་ཚོགས་པའི་བཟའ་བཅའ་མང་ཙམ་བཟས་ནས་དྲོད་ཚད་གསབ་དགོས།
གསུམ། འབྲས་སྐྲན་འགོག་ནུས་ལྡན་པའི་བཟའ་བཅའ་དཔེར་ན། མོག་རོ་དང་། སྒོག་པ། མཚོ་སྐྱེས་སྔོ་རིགས། རུས་སྦལ། ཤ་མོ་སོགས་མང་ཙམ་ཟ་དགོས།
བཞི། སྔོ་ཚལ་དང་ཤིང་འབྲས་སོས་པའི་ནང་འཚོ་བཅུད་Aདང་Cམང་པོ་ཡོད་པས་ཚད་གཞི་ངེས་ཅན་ཞིག་གི་ཐོག་ནས་ཕྲ་ཕུང་ངན་འགྱུར་དུ་མི་འགྲོ་བ་དང་འབྲས་སྐྲན་མི་མཆེད་པར་ཕན་ཐོགས་ལ། ལྤགས་པའི་ཕྲ་ཕུང་བརྟན་པོ་གནས་ཐུབ་པའི་ནུས་པ་འདོན་ཐུབ། འཚོ་བཅུད་Bལྡན་པའི་བཟའ་བཅའ་ཡིས་ནད་པའི་དང་ག་ཕྱེ་ཐུབ་པ་མ་ཟད། འོད་འཕྲོའི་བཅོས་ཐབས་ལས་བྱུང་བའི་ནད་རྟགས་ཆུང་དུ་གཏོང་ཐུབ།
ལྔ། འོད་འཕྲོའི་བཅོས་ཐབས་དང་རྫས་འགྱུར་སྨན་བཅོས་དང་ལེན་བྱས་པའི་ནད་པས་ཡག་ཤོས་བྱུང་ན་བཟའ་བཅའ་དང་བཏུང་བྱ་གྲང་མོར་བསྟེན་དགོས། འོན་ཀྱང་ཆམ་པ་ཕོག་པའི་ནད་པར་ཚ་གཤིས་ཟས་རིགས་འཚམ་པོ་ཡོད།
དྲུག བཅའ་བཏུང་གི་སྣ་མང་རང་བཞིན་ལ་དོ་སྣང་བྱས་ནས་ནད་པའི་དང་ག་ཕྱེ་དགོས། བཟའ་བཅའ་གཡོ་སྦྱོར་བྱེད་སྟངས་མང་ཆེ་བ་རླངས་བཙོས་དང་སྐོལ་ཐབས་ལ་བརྟེན་དགོས། སྣུམ་སྲེག་རིགས་ཀྱི་བཟའ་བཅའ་དང་འཇུ་དཀའ་བའི་བཟའ་བཅའ་ཟ་མི་ཉན་ལ་ཆང་རག་ཀྱང་འཐུང་མི་ཉན།
བདུན། སྐྲན་གཤགས་བཅོས་བྱས་རྗེས་་མིད་དཀའ་བ་དང་། འཇུ་དཀའ་བ་དང་དེ་བཞིན་དམིགས་བསལ་གྱི་འཚོ་བཅུད་མི་འདང་བའི་གནད་དོན་ཐོན་སྲིད་པས་ནད་རྟགས་གཞིར་བཟུང་བཟའ་བཅའ་མི་འདྲ་བར་བསྟེན་པ་དང་མི་འདང་བའི་འཚོ་བཅུད་གསབ་དགོས། དགོས་ངེས་སྐབས་སུ་སྨན་འདུས་འཚོ་བཅུད་སྟེར་ནས་ནད་པའི་ནད་འགོག་ནུས་པ་ཆེ་རུ་གཏོང་དགོས།
གཉིས། རྒྱུན་མཐོང་འབྲས་སྐྲན་གྱི་བཟའ་བཅའི་བཅོས་ཐབས།
ཀྲོ་མ་ཀྲུ་དང་། བ་དམ། ཆི་བི་ཁ་བཅས་འདུས་པའི་འབྲས་ཐུག ཆི་བི་ཁ་དང་ཀྲོ་མ་ཀྲུ་ལ་འཚོ་བཅུད་Cམང་པོ་ལྡན་པས་ལུས་པོའི་སྐྲན་འགོག་ནུས་པ་ཆེ་རུ་གཏོང་ཐུབ། ཀྲོ་མ་ཀྲུའི་ནང་གི“ཀྲོ་མ་ཀྲུའི་འཚོ་བཅུད”ལའང་སྐྲན་འགོག་ནུས་པ་ལྡན་ཡོད། བ་དམ་དང་ཆི་བི་ཁ་ཁེ་30ནས་50བར་བཙོས་ནས་ཚོས་རྗེས་དེའི་ནང་གཙང་མ་བཀྲུས་པའི་འབྲས་ཁེ་100བླུགས་ཏེ་འབྲས་ཐུག་སྐོལ་དགོས། དེ་ནས་འབྲས་ཐུག་མ་བཏུང་གོང་གཙང་མ་བཀྲུས་ནས་ཞིབ་ཞིབ་གཙབ་པའི་ཀྲོ་མ་ཀྲུ་འོས་འཚམ་ཞིག་བླུགས་ནས་ཉིན་ལྟར་ཐེངས་1ནས་2བར་འཐུང་དགོས། འབྲས་ཐུག་ནི་ལུས་ཟུངས་ཉམས་པའི་འབྲས་སྐྲན་ཕོག་མཁན་དཔེར་ན། མིད་པ་དང་། ཕོ་བ། རྒྱུ་མ། མཆིན་པ། མཁྲིས་པ་སོགས་ཀྱི་འབྲས་སྐྲན་གཤགས་བཅོས་བྱས་པའི་ནད་པར་འཚམ་པོ་ཡོད།
གྲོ་ཕྱེ་དང་གཟེ་ཕྱེ་འདུས་པའི་འབྲས་ཐུག འབྲས་ཁེ་100བཀྲུས་ནས་འབྲས་ཐུག་བསྐོལ་རྗེས་གཟེ་ཕྱེ་ཁེ་40དང་བུ་རམ་ཕྲན་ཙམ་བླུགས་ནས་མཉམ་དུ་སྐོལ་དགོས། ཞིབ་འཇུག་བྱས་འབྲས་ལས་གཟེ་ཕྱེར་སྐྲན་འགོག་ནུས་པ་ལྡན་པ་མ་ཟད། མིད་པའི་འབྲས་སྐྲན་དང་། ཕོ་བའི་འབྲས་སྐྲན། ནུ་མའི་འབྲས་སྐྲན་ནད་པས་བཏུང་ན་འཚམ་པོ་ཡོད།
སྒོག་མྱུག་ཤ་མོག སྒོག་མྱུག་ནང་གཞི་རྒྱུ་སེ་ཉུང་ཙམ་ལྡན་པས་འབྲས་སྐྲན་འགོག་པའི་ནུས་པ་ལྡན་ལ་འབྲས་སྐྲན་མི་མཆེད་པ་དང་འབྲས་སྐྲན་ཆུང་དུ་འགྲོ་བའམ་ཐ་ན་མེད་པའང་བཟོ་ཐུབ། སྒོག་མྱུག་དང་ཤའི་བསྡུར་ཚད་4:1ལྟར་བཟོས་རྗེས་ཤ་སྨན་འོས་འཚམ་བླུགས་ནས་ཤ་མོག་བཟོས་ཏེ་རླངས་བཙོས་རྒྱག་དགོས། ཟས་འདི་ངན་གཤིས་ཀྱི་འབྲས་སྐྲན་དང་ཁྲག་རིལ་དཀར་པོའི་འབྲས་སྐྲན་སོགས་ཕོག་མཁན་གྱིས་ཟ་ཆོག་ལ། འབྲས་སྐྲན་བསྐྱར་ལོག་མི་ཐེབས་པ་དང་གཞན་སྒྱུར་མི་བྱེད་པའི་ནུས་པ་ངེས་ཅན་ལྡན།