དབུ་ཤོག
  • རྒྱུན་དུ་འདི་དག་བཟས་ན་མཆིན་ཚིལ་འགོག་ཐུབ།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2021-04-08

    མཆིན་ཚིལ་འགོག་པར་ཤ་མ་བཟས་ན་འགྲིག་གམ།

    དེ་ནི་ནོར་འཁྲུལ་ཞིག་རེད། འདི་ལྟར་བྱས་ཚེ་མཆིན་པར་གནོད་འཚེ་དེ་བས་ཆེ་བ་ཕོག་སྲིད་པས། མཆིན་པ་ཐང་པོ་ཞིག་ཡོང་དགོས་ཚེ་གཤམ་གྱི་ཤ་རིགས་འདི་དག་མཆོད་དང་།

    001.jpg

    ཉ་ཤ

    ཉ་ཤའི་ནང་ཚད་ཉུང་གཞི་རྒྱུ་ཕུན་སུམ་ཚོགས་པོ་འདུས་ཡོད་པས།  རྒྱུན་དུ་ཉ་ཤ་བཟས་ཚེ་མཆིན་པ་གསོ་ཞིང་ཁྲག་གསབ་ཐུབ།

    002.jpg

    ཤཱ་སྨིད།

    ཤཱ་སྨིད་ནང་སྤྲི་དཀར་འདུས་ཚད་ཉ་ཤ་དང་འོ་མ་ལས་ལྡབ་ཁབ་ཤས་ཀྱིས་མང་བ་ཡོད་ལ། ད་དུང་ཚད་ཉུང་གཞི་རྒྱུ་ཕུན་སུམ་ཚོགས་པོ་ཡོད་པས། འཚོ་བཅུད་འདི་དག་གིས་མཆིན་པའི་ཕྲ་ཕུང་གསོ་བ་དང་བསྐྱར་སྐྱེས་ཡོང་བར་ཕན་ཐོགས་ཡོད་ལ། མཆིན་པ་གསོ་བར་ཡང་སྐུལ་འདེད་ཀྱི་ནུས་པ་གལ་ཆེན་ལྡན་ཡོད།

    003.jpg

    བྱ་ཤ

    བྱ་ཤས་མཆིན་པར་ཁྲག་གསབ་པའི་ནུས་པ་ལྡན་ཡོད་པས། རྒྱུན་དུ་བྱ་ཤ་ཚད་དང་ལྡན་པ་བཟས་ཚེ་མཆིན་པར་ཕན་ཐོགས་ཆེན་པོ་ཡོད།

    004.jpg

    ཡཱ་ཙེའི་ཤ

    ཡཱ་ཙེའི་ཤའི་ནང་སྤྲི་དཀར་དང་ཚིལ། ཚད་ཉུང་གཞི་རྒྱུ་བཅས་འཚོ་བཅུད་མང་པོ་ལྡན་ཡོད་པས། ཕོ་བ་དང་མཆིན་པ་གསོ་བར་ཕན་ཐོགས་ཆེན་པོ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།