ཕན་ཐོགས་1941ལོར་སྐྱེས་པ་དང་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་རྒྱ་མཚོ་གཞུང་ཤང་ཐར་པ་གྲོང་ཚོའི་གྲོང་མི་ཡིན། བོད་རྙིང་པར་ཕན་ཐོགས་ནི་ཡུལ་དེའི་གཞིས་ཀའི་ཞིང་བྲན་ཞིག་རེད། ཁོང་གིས་སྐབས་དེ་དུས་འཚོ་བ་ཧ་ཅང་དཀའ་ཚེགས་ཆེ་ཞིང་། གྱོན་གོས་ཚང་མར་ལྷན་པས་ཁེངས་ནས་རྙིང་པ་རྙིང་རྐྱང་ཡིན། སྐབས་འགར་ལྷན་པ་རྒྱག་བྱེད་ཀྱི་རས་ཀྱང་མེད། དགུན་ཁར་ཉལ་ཆས་མེད་པས་མེ་ཁ་སོས་ནས་དྲོད་ཁུག་ཐབས་བྱེད་པ་དང་ཉིན་མོར་ཉི་མ་བསྲོས་ཚེ་གཞི་ནས་དྲོད་ཏོག་ཙམ་ཁུག་གི་ཡོད་ཅེས་ཕྱིར་དྲན་བྱེད་བཞིན་བརྗོད།
1959ལོར་བོད་དུ་དམངས་གཙོའི་བཅོས་སྒྱུར་བྱས་རྗེས། ཕན་ཐོགས་ལ་ས་ཞིང་དང་ཕྱུགས་རིགས་བགོས་ནས། རང་ཉིད་ཀྱི་འབད་བརྩོན་ལ་བརྟེན་ནས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་རྒྱུ་བྱུང་ཡོད།
འདི་ནི་ཕན་ཐོགས(དཀྱིལ)དང་ནང་མིའི་དྲན་རྟེན་པར་ཡིན་པ།
འདི་ནི་ཕན་ཐོགས་ཡིན་པ།