ཏང་གི་གསུང་སྒྲ་ས་ཕྱོགས་གང་སར་ཁྱབ་པ།
འདི་ནི་སྲིན་བུ་རིའི་ལས་ཡུལ་གྱི“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”སྒྲོག་འགྲེལ་བྱེད་སྒོ་སྤེལ་ཡུལ་ཡིན་པ།
ད་ཕན་ལོ་ཤས་རིང་། ལྷོ་ཁ་གྲོང་ཁྱེར་གྱི་དྲིལ་བསྒྲགས་བསམ་བློའི་འཐབ་ཕྱོཌ་ཀྱིས་ཡང་དག་པའི་ཁ་ཕྱོཌ་མཐའ་འཁྱོངས་དང་། གླེང་ཕྱོགས་ཀྱི་ཁྲིད་སྟོན་སྟངས་འཛིན། སྒྲོག་འགྲེལ་གནད་སྨིན་དང་སློབ་སྦྱོང་གཏིང་ཟབ་ལ་ཤུགས་སྣོན་རྒྱག་པ། སྒྲོག་འགྲེལ་པའི་དཔུང་ཁག་རྒྱ་ཆེར་གཏོང་བ། མང་ཚོགས་དང་འབྲེལ་འདྲིས་བྱེད་པའི་ཐབས་ལམ་ལ་བརྟེན་ནས་ཏང་གི་སྲིད་ཇུས་གསར་ཤོས་སྒྲོག་འགྲེལ་དང་། གསོན་ཉམས་དོད་པའི་མང་ཚོགས་ཀྱི་སྐད་ཆར་བརྟེན་ནས་དགོངས་དོན་གྱི་ངོ་བོ་བརྒྱུད་སྤྲོད་བཅས་བྱས་ནས། ཏང་གི་གསུང་སྒྲ་གཞི་རིམ་གྱི་ས་ཕྱོགས་གང་སར་ཁྱབ་པར་བྱས་པ་རེད།