
སྨན་དོན་མི་སྣས་ཟླ་བ་བཞི་ཙམ་ལ་སླེབས་པའི་ཁ་ཤོ་རྐན་ཤོའི་ནད་གཞི་ཕོག་པའི་བྱིས་པ་ལྷག་པ་ཕུན་ཚོགས་ཀྱི་གཤགས་བཅོས་རྗེས་ཀྱི་བདེ་ཐང་སླར་གསོའི་གནས་ཚུལ་བརྟག་དཔྱད་ཞིབ་ཕྲ་བྱེད་བཞིན་པ།

ནན་ཅིང་དུ་སྨན་རིན་མི་དགོས་པའི་སྐྱོབ་བཅོས་ཐེངས་གསུམ་བྱེད་པར་སྐྱོད་མཁན་དཔྱི་ཚིགས་འཆུས་པའི་བྱིས་པ་དཀོན་མཆོག་དཔལ་ལྡན་ད་ཆ་རྦད་དེ་དྲག་སྐྱེད་བྱུང་བ།

དཔྱི་ཚིགས་འཆུས་ཏེ་རྡོ་ཞོ་བཀྲོལ་མ་ཐག་པའི་བསོད་ནམས་སྒྲོལ་དཀར་གྱིས་དགའ་ཚོར་ཆེན་པོས་ཨ་མར་འཐམ་བཞིན་པ།
ཉེ་ཆར། མལ་གྲོ་གུང་དཀར་རྫོང་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་ལས་དོན་མི་སྣས་རྫོང་མི་དམངས་སྨན་ཁང་གི་སྨན་དོན་མི་སྣ་དང་མཉམ་དུ་མལ་གྲོ་གུང་དཀར་རྫོང་རྨམ་པ་ཤང་དང་། ཉི་མ་ལྕང་ར་ཤང་། རུ་ཐོག་ཤང་། བཀྲ་ཤིས་སྒང་ཤང་སོགས་སུ་སྔ་རྗེས་སུ་བསྐྱོད་དེ་2020ལོའི་ཟླ་11པར་ནན་ཅིང་དུ་སྨན་བཅོས་ལ་སྐྱོད་མཁན་ལྷན་སྐྱེས་ནད་གཞི་ཕོག་པའི་བྱིས་པ་18ཀྱི་གཤགས་བཅོས་རྗེས་ཀྱི་བདེ་ཐང་སླར་གསོའི་གནས་ཚུལ་བརྟག་དཔྱད་ཞིབ་ཕྲ་བྱས་པ་དང་འབྲེལ། ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་དང་སེམས་ཁུར་ཡང་བྱས་པ་རེད།