དབུ་ཤོག>གསར་འགྱུར།
  • བོད་ཀྱིས“ཀྲུང་ཧྭ་ཡི་ཆུ་གསོག་མཐོ་ལྕོག”སྲུང་སྐྱོང་བྱས་ཏེ་ དྭངས་གཙང་ཆུ་མོ་རྒྱུན་དུ་རྒྱུག་པར་བྱེད།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2021-03-24

    299556_yis_1616515200000_s.jpg

    བོད་ལྗོངས་མངའ་རིས་ས་ཁུལ་གྱི་ལྷ་བུ་ལ་འཁྱགས་རོམ་ཡིན་པ།

    299410_yis_1616515200000_s.jpg

    བོད་ལྗོངས་མངའ་རིས་ས་ཁུལ་གྱི་ལྷ་བུ་ལ་འཁྱགས་རོམ་ཡིན་པ།

    ● “ལོ་ལྔ་ཚན་བཅུ་གསུམ་པའི”རིང་། ལྗོངས་ཡོངས་ཀྱི་ས་ངོས་ཆུའི་སྤུས་ཚད་ལེགས་པའི་ཆད་ངོས་ཀྱི་བསྡུར་ཚད་100%ཟིན་པ།

    ● རིམ་རྩིས་ལྟར་ན་བོད་ཀྱིས་མ་དངུལ་སྒོར་དུང་ཕྱུར་121ལྷག་ཙམ་བཏང་ནས་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་འགན་ལེན་དང་དེ་བསྐྲུན་རྒྱུར་སྐུལ་འདེད་བཏང་བ།

    ● གོ་ལ་ཧྲིལ་པོར་ཁྱོན“ཆུ་གསོག་མཐོ་ལྕོག”78ཡོད་པའི་ཁྲོད་མཚོ་བོད་ས་མཐོ་དང་དེ་བཞིན་ཉེ་འགྲམ་ས་ཁུལ་ཁོ་ནར་16ཡོད་པ།

    “འཛམ་གླིང་གི་ཡང་རྩེ”ཞེས་བརྗོད་པའི་བོད་ལྗོངས་སུ་ཨེ་ཤེ་ཡའི་ཆུ་བོ་དང་གཙང་པོ་ཆེ་གྲས་10ལྷག་ཙམ་དང་མཚོ་མཚེའུ་1500ལྷག་ཙམ་ཡོད་པས“ཨེ་ཤེ་ཡའི་ཆུ་གསོག་མཐོ་ལྕོག”དང“ཀྲུང་ཧྭ་ཡི་ཆུ་གསོག་མཐོ་ལྕོག”ཅེས་བརྗོད་ཀྱི་ཡོད། ཉེ་བའི་ལོ་ཤས་རིང་། བོད་ཀྱིས་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་སྲུང་སྐྱོང་དང་འཛུགས་སྐྲུན་ལ་སྐུལ་འདེད་ཟམ་མི་ཆད་པར་བཏང་ནས“ཀྲུང་ཧྭ་ཡི་ཆུ་གསོག་མཐོ་ལྕོག”སྲུང་སྐྱོང་གིས་དྭངས་གཙང་ཆུ་མོ་རྒྱུན་དུ་རྒྱུག་པར་བྱས་ཡོད།

    “ལོ་ལྔ་ཚན་བཅུ་གསུམ་པའི”རིང་། ལྗོངས་ཡོངས་ཀྱི་ས་ངོས་ཆུའི་སྤུས་ཚད་ལེགས་པའི་ཆད་ངོས་ཀྱི་བསྡུར་ཚད་100%ཟིན་པ་དང་། སྤུས་ཚད་ཞན་ཚད་Vརིགས་ཀྱི་ཆུ་ངོས་མེད་པ། ལྗོངས་ཡོངས་ཀྱི་གཙང་པོ་དང་། ཆུ་བོ། མཚོ་མཚེའུ་བཅས་གཙོ་བོ་དང་འཐུང་ཆུའི་ཆུ་ཁོངས་ཀྱི་ཆུ་སྤུས་ཀྱི་ཚད་གཞི་100%ཟིན་པ་བཅས་རེད།

    2020ལོར་བོད་ཀྱིས་རྫོང་རིམ་པ་ཡན་གྱི་གྲོང་ཁྱེར་141དང་མི་ཁྲིར་ཆུ་ཏུན་སྟོང་ཟིན་པའི་གྲོང་གསེབ་གཅིག་སྡུད་རྣམ་པའི་འཐུང་ཆུའི་ཆུ་འགོ་སྲུང་སྐྱོང་ཁུལ་གཅིག་ཕྱོགས་ཡོངས་ནས་འཆར་འགོད་བྱས་པ་དང་། ་མ་དངུལ་སྒོར་དུང་ཕྱུར་1.84བཏང་ནས་ཡར་ཀླུང་གཙང་པོ་དང་མྱང་ཆུ་གཙང་པོ་སོགས་རྒྱུགས་ཁུལ་གཙོ་བོའི་སྐྱེ་ཁམས་སྲུང་སྐྱོང་འདུ་འགོད་ལག་བསྟར་བྱས་པ་དང་། གྲོང་གསེབ་ཀྱི་བཙོག་ཆུ་གཙང་གསིང་གི་ཚོད་ལྟའི་ལས་གྲྭ་27བསྐྲུན་རྒྱུར་སྐུལ་འདེད་བཏང་བ། ས་འོག་སྣུམ་གསོག་མདོང་སྣོད་1491གི་སིམ་འགོག་སྒྱུར་བཀོད་ལེགས་གྲུབ་བྱུང་ནས་ཆུ་དྭངས་སྲུང་སྐྱོང་དམག་འཐབ་ལ་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད་པ་རེད།

    ཆུ་དཔོན་ལམ་ལུགས་ནི་བོད་ཀྱིས་ཀྲུང་ཧྭ་ཡི་ཆུ་གསོག་མཐོ་ལྕོག་སྲུང་སྐྱོང་བྱེད་པའི་བྱེད་ཐབས་གཞན་ཞིག་རེད། མིག་སྔར། ལྗོངས་ཡོངས་ཀྱིས་རང་སྐྱོང་ལྗོངས་དང་། གྲོང་ཁྱེར། རྫོང་། ཤང་བཅས་རིམ་བཞིའི་ཆུ་དཔོན་5700ལྷག་ཙམ་དང་གྲོང་ཚོ་རིམ་པའི་ཆུ་དཔོན(ཆུ་བོ་སྐོར་གཡེང་བ་དང་ཆུ་བོ་སྲུང་སྐྱོང་པ་ཚུད་པ)ཁྲི་9.2བཀོད་སྒྲིག་བྱས་ཡོད། ཆུ་དཔོན་ལམ་ལུགས་ལ་སྐུལ་འདེད་གཏིང་ཟབ་བཏང་བ་ལས་དེ་སྔ་མཚོ་དང་མཚེའུའི་ནང་གད་སྙིགས་གང་བྱུང་དུ་དབྱུགས་པ་དང་ཁྲིམས་འགལ་ངང་བྱེ་མ་སྔོག་འདོན་བྱེད་པ་སོགས་ཀྱི་ཡ་རབས་མིན་པའི་སྣང་ཚུལ་ལོ་རྒྱུས་སུ་གྱུར་ཡོད།

    འདི་ལོའི་ལོ་འགོར་གྲོས་འཆམ་བྱུང་བའི《བོད་རང་སྐྱོང་ལྗོངས་ཀྱི་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་བསྐྲུན་རྒྱུའི་སྐོར་གྱི་སྲོལ་ཡིག》གི་གཏན་འབེབས་གཞིར་བཟུང་ཆུ་བོ་དང་མཚོའི་ངོགས་སྲུང་སྐྱོང་ཁྱབ་ཁོངས་འཆར་འགོད་བྱས་པ་དང་། ཆུ་ཁོངས་སུ་གསོ་རླུང་ལྡན་ཚད་མཐོ་རུ་བཏང་བ། ཆུའི་སྦགས་བཙོག་འགོག་ཟོན་དང་བཅོས་སྒྲིག་བྱས་ཏེ་གཙང་པོ་དང་ཆུ་བོ་དང་། མཚོ་དང་མཚེའུ། འཐུང་ཆུའི་ཆུ་འགོ་སོགས་ཆུའི་སྐྱེ་ཁམས་དང་ཆུའི་བདེ་འཇགས་སྲུང་སྐྱོང་གིས་ཨེ་ཤེ་ཡའི་ཆུ་གསོག་མཐོ་ལྕོག་སྲུང་སྐྱོང་ཡག་པོ་བྱས་པ་རེད།

    མཚོ་བོད་ཚན་ཞིབ་ཐེངས་གཉིས་པའི་རུ་དཔོན་ཀྲུང་གོ་ཚན་རིག་ཁང་གི་ཡོན་ཧྲི་ཡའོ་ཐེན་ཏུང་གིས། གོ་ལ་ཧྲིལ་པོར་ཁྱོན“ཆུ་གསོག་མཐོ་ལྕོག”78ཡོད་པའི་ཁྲོད་མཚོ་བོད་ས་མཐོ་དང་དེ་བཞིན་ཉེ་འགྲམ་ས་ཁུལ་ཁོ་ནར་16ཡོད་ཅེས་ངོ་སྤྲོད་བྱས།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།