
འདི་ནི་བདེ་སྐྱིད་རྒན་གསོ་ཁང་སྨན་དོན་ཁང་གི་སྨན་པ་ཐུབ་བསྟན་ཤེས་རབ(གཡོན)ཀྱིས་རྒན་རྒོན་ཞིག་ལ་ཁྲག་ཤེད་ལྟ་བའི་གནས་ཚུལ་ཡིན་པ།
ས་བབ་མཐོ་ཚད་སྨི་4000ཡན་ཟིན་པའི་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་འབྲི་སྟོད་རྫོང་གི་བདེ་སྐྱིད་རྒན་གསོ་ཁང་ནི་མཚོ་སྔོན་ཞིང་ཆེན་ནང་ཁུལ་གྱི་ས་བབ་ཅུང་མཐོ་བའི་རྒན་གསོ་ཁང་གི་གྲས་ཤིག་རེད།
འབྲི་སྟོད་རྫོང་དམངས་སྲིད་ཅུས་ཀྱི་ཅུས་ཀྲང་ཕུར་བུ་ཚེ་རིང་གིས། ཡུལ་ཤུལ་ས་ཡོམ་རྗེས་ཀྱི་བསྐྱར་སྐྲུན་ཁྲོད་རྒྱལ་ཁབ་ཀྱིས་འབྲི་སྟོད་རྫོང་ཁོངས་སུ་རྒན་གསོ་ཁང་4དང་ཕྱོགས་བསྡུས་ཕན་བདེ་ཁང་1བསྐྲུན་པར་ཉལ་ཁྲི་530བཀོད་སྒྲིག་བྱས་ཡོད། ཉེ་བའི་ལོ་ཤས་རིང་། འབྲི་སྟོད་རྫོང་གིས“ནོར་སྲིད་ཆུང་ངུས”“དམངས་འཚོ་ཆེན་པོ”བསྒྲུབ་རྒྱུ་མཐའ་འཁྱོངས་བྱས་ཐོག་རྫོང་གྲོང་གི་སྒྲིག་གཞིའི་རྒན་གསོའི་ཞབས་ཞུས་རྨང་གཞི་བྱེད་པ་དང་ཞབས་འདེགས་ཞུ་སྟངས་གཞན་དག་གིས་ཁ་གསབ་བྱེད་པའི་རྒན་གསོའི་ཞབས་འདེགས་ཞུ་སྟངས་འཚོལ་ཞིབ་བྱས་ཏེ། ནོར་སྲིད་ནས་གཏོང་ཆ་རྒྱུན་ཆད་མེད་པར་ཆེ་རུ་བཏང་བས། མིག་སྔའི་བར། འབྲི་སྟོད་རྫོང་ཡོངས་སུ་དམིགས་བསལ་དཀའ་ངལ་ཡོད་པའི་རྒན་རྒོན་གཅིག་སྡུད་བསྙེན་བཀུར་ཞབས་ཞུ་གཞི་རྩའི་ཆ་ནས་ཁྱབ་ཡོད་པ་རེད།