
ཕ་ཁི་སི་ཐན་ནི་ཀྲུང་གོ་སྲིད་གཞུང་གིས་ཕྱི་ཕྱོགས་ལ་ཏོག་གསར་རིམས་འགོག་སྨན་ཁབ་རོགས་སྐྱོར་བྱ་ཡུལ་གྱི་རྒྱལ་ཁབ་དང་པོ་དེ་ཡིན་ལ། ཕ་ཁི་སི་ཐན་གྱི་དམག་དཔུང་ཡང་ཀྲུང་གོའི་དམག་དཔུང་གི་ཏོག་གསར་རིམས་འགོག་སྨན་ཁབ་རོགས་སྐྱོར་དང་ལེན་བྱེད་མཁན་གྱི་ཕྱི་རྒྱལ་གྱི་དམག་དཔུང་དང་པོ་དེ་ཡང་ཡིན། ཟླ་3ཚེས་17ཉིན། ཀྲུང་གོ་སྲིད་གཞུང་གིས་ཕ་ཁི་སི་ཐན་ལ་རོགས་སྐྱོར་བྱས་པའི་ཁག་གཉིས་པའི་ཏོག་གསར་རིམས་འགོག་སྨན་ཁབ་རྩིས་སྤྲོད་རྩིས་ལེན་བྱེད་པའི་མཛད་སྒོ་ཕ་ཁི་སི་ཐན་གྱི་རྒྱལ་ས་དབྱི་སི་ལམ་པོའི་ཉེ་འགྲམ་གྱི་ནུར་ཧན་མཁའ་དམག་རྟེན་གཞིར་འཚོགས་པ།