
ཉེ་དུས། ཤངས་ཆུ་ཆུ་བེད་ཀྱི་ལྟེ་བ་དང་ལེ་ལག་ཚང་བའི་ཞིང་ཆུ་འདྲེན་ཁུལ་ལས་གྲྭའི་རགས་ཆེན་གྱི་སྣུམ་ནག་ཞལ་བའི་ལྟེ་བའི་གྱང་གི་གཞི་གདན་ལ་ཆུ་འགོག་སྣུམ་ནག་གི་ཞལ་བ་གཏོང་འགོ་ཚུགས་པ་དེ་ཐོག་ནས་ལས་གྲྭའི་རགས་ཆེན་གྱི་སྣུམ་ནག་ཞལ་བའི་ལྟེ་བའི་གྱང་རྩིག་པ་དང་རགས་ངོས་ཁ་གསབ་ཀྱི་དུས་མཚམས་སུ་སླེབས་ཡོད། རགས་ཆེན་གྱི་སྣུམ་ནག་ཞལ་བའི་ལྟེ་བའི་གྱང་འདི་ཉིད་རགས་ངོས་ཀྱི་ལྟེ་བའི་གྲུབ་ཆ་ཞིག་ཡིན་པའི་ངོས་ནས་དེའི་སྤུས་ཚད་ལེགས་ཉེས་ཀྱིས་རགས་ངོས་ཀྱི་སིམ་འགོག་ནུས་པ་གཏན་འཁེལ་བྱེད་ཀྱི་ཡོད། ཤངས་ཆུ་ཆུ་བེད་ཀྱི་ལྟེ་བ་དང་ལེ་ལག་ཚང་བའི་ཆུ་འདྲེན་ལས་གྲྭ་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གཏན་འཁེལ་བྱས་པའི་ཆུ་གྲོན་ཆུང་དང་ཆུ་མཁོ་འདོན་གྱི་གཙོ་གནད་ལས་གྲྭ་ཁག་172ཀྱི་གྲས་ཤིག་ཡིན་ལ་བོད་ཀྱི་ཆུ་བེད་ཀྱི་སྒྱུར་བཅོས་འཕེལ་རྒྱས་ཀྱི“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་གྱི་གཙོ་གནད་ལས་གྲྭ་ཞིག་ཀྱང་རེད། ལས་གྲྭ་ཧྲིལ་པོ་2022ལོའི་ཟླ་12པར་ལེགས་སྒྲུབ་ཟིན་རྒྱུ་རེད། འདི་ནི་ཤངས་ཆུ་ཆུ་བེད་ལྟེ་བ་དང་ལེ་ལག་ཚང་བའི་ཆུ་འདྲེན་ལས་གྲྭའི་ཨར་ལས་བྱ་ཡུལ་ཡིན་པ། པར་རིས་ཤངས་ཆུ་ཆུ་བེད་ལྟེ་བའི་རྣམ་གྲངས་པུས་མཁོ་འདོན་བྱས།