དབུ་ཤོག>གསར་འགྱུར།
  • བོད་ཀྱི་ཡར་ལངས་ཞིང་བྲན་གྱི་བརྙན་པར་ཡིག་ཚགས།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2021-03-20

    ཤིན་ཧྭ་གསར་འགྱུར་ཁང་ནས་གློག་འཕྲིན་འབྱོར་གསལ། འདི་ལོ་ལོ་90ལ་སླེབས་པའི་རྒན་མོ་གྲུང་ཏོག་ནི་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་རྒྱ་མཚོ་གཞུང་ཤང་ཚོང་གཞུང་གྲོང་ཚོའི་ཡུལ་མི་ཡིན་ཞིང་། སྤྱི་ཚོགས་རྙིང་པར་རྒན་མོ་གྲུང་ཏོག་ནི་གཞིས་རྩེ་པེ་ལུ་གཞིས་ཀའི་བྲན་གཡོག་ཡིན་པ་དང་། རྒན་མོའི་མེས་པོ་ཚོ་ཡང་གཞིས་ཀའི་བྲན་གཡོག་རེད། ཁོང་ཚོ་ནང་མི་ཚང་མས་ཆང་ཡག་པོ་སྙལ་ཤེས་པས་གཞིས་ཀའི་བདག་པོས་ཁོང་ཚོར་ཆང་ཁྲལ་རྒྱུག་ཏུ་བཅུག ནང་མི་ཚང་མས་ལོ་འཁོར་མོར་ཞིམ་མངར་ལྡན་པའི་ཆང་བསྙལ་བའི་ལས་ཀ་བྱེད་པ་ལས་རང་ཉིད་ལ་ཧོབ་གང་འཐུང་བའི་དབང་ཆ་མེད། ད་ཆ་རྒན་མོ་གྲུང་ཏོག་ཡངས་ཤིང་རྒྱ་ཆེ་ལ་དཀར་ཆ་དོད་པའི་བོད་བཟོའི་ཁང་པའི་ནང་བཟའ་མི་བུ་ཕྲུག་དང་མཉམ་དུ་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བཞིན་ཡོད། རྒན་མོས་བུ་ཕྲུག་ཚོ་བདེ་ཐང་ངང་འཚར་ལོངས་ཡོང་བ་མཐོང་སྐབས་དེ་ནི་ངའི་བདེ་སྐྱིད་ཆེ་ཤོས་ཡིན་ཞེས་བརྗོད།

    285058_yis_1616169600000_s.jpg

    འདི་ནི་ཟླ་1ཚེས་15ཉིན་བླངས་པའི་གྲུང་ཏོག(དཀྱིལ)ཁྱིམ་གྱི་ནང་མི་ལྷན་འཛོམས་ཀྱི་པར་ཡིན་པ།

    285062_yis_1616169600000_s.jpg

    འདི་ནི་ཟླ་1ཚེས་15ཉིན་བླངས་པའི་གྲུང་ཏོག་གི་འདྲ་པར་ཡིན་པ།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།