ཉེ་ཆར་འཕྱོངས་རྒྱས་རྫོང་ལྷ་ཡུལ་ཤང་ཆང་ཁྱིམ་གྲོང་ཚོས་ཡུལ་སྐོར་བ་142བསྐྱར་དུ་བསུས་ཤིང་། སྙན་གྲགས་ཀུན་ལ་ཁྱབ་པའི་ཆང་ཁྱིམ་གྲོང་ཚོས་ད་ཆ་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ཆེན་པོ་བཏང་ཡོད། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་། འཕྱོངས་རྒྱས་རྫོང་གིས་ཆང་ཁྱིམ་གྲོང་ཚོར་མ་དངུལ་སྒོར་ཁྲི་3200བཏང་ནས་སྔར་ཡོད་ཀྱི་རང་བྱུང་ལོ་རྒྱུས་རྣམ་པའི་རྨང་གཞིའི་ཐོག་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་གྲོང་ཚོའི་རྣམ་པར་འགྱུར་ལྡོག་བཏང་བ་དང་འབྲེལ་ཡུལ་སྐོར་མཉམ་ལས་ཁང་བཙུགས་ཏེ་མང་ཚོགས་ཁྱིམ་ཚང་མགྲོན་ཁང་གི་དཔལ་འབྱོར་འཕེལ་རྒྱས་ནང་ཞུགས་རྒྱུའི་སྐུལ་ལྕག་བྱས། ན་ནིང་ཟླ་5པར་དངོས་སུ་ལས་གཉེར་བྱས་པ་ནས་བཟུང་། ཆང་ཁྱིམ་གྲོང་ཚོའི་ཁྱིམ་ཚང་མགྲོན་ཁང་གིས་ཡུལ་སྐོར་བ་མི་ཐེངས་3000ལྷག་ཙམ་ལ་སྣེ་ལེན་ཞུས་ནས་ཡུལ་སྐོར་སྣེ་ལེན་ཡོང་འབབ་སྒོར་ཁྲི་26.7བྱུང་བ་དང་། ཁྱིམ་ཚང་36ལ་ཆ་སྙོམས་ཡོང་འབབ་སྒོར་7200བགོ་ཐུབ་པ་བྱུང་བའི་ཐོག་ཡུལ་སྐོར་ཚོང་ཟོག(ནས་ཆང)བཙོངས་པའི་ཡོང་འབབ་སྒོར་ཁྲི་19ལྷག་ཙམ་བྱུང་ཡོད།
འདི་ནི་ཆང་ཁྱིམ་གྲོང་ཚོས་ཡུལ་སྐོར་བར་བསུ་བ་ཞུ་བཞིན་པ།
འདི་ནི་ཡུལ་སྐོར་བས་ནས་ཆང་གི་བྲོ་བ་ལྟ་བཞིན་པ།