དབུ་ཤོག>གསར་འགྱུར།
  • རྒྱ་བོད་མི་རིགས་ཀྱི་རིག་གནས་མཉམ་འདྲེས་ཀྱི་དཔང་རྟགས།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2021-03-18

    275270_yis_1615996800000_s.jpg

    གོང་མ་ནི་ཕོ་བྲང་པོ་ཏ་ལའི་གཅེས་ནོར་ཉར་ཚགས་ཁང་གི་རིག་དངོས་འགྲེམས་སྟོན་བྱ་ཡུལ་ཡིན་པ། འོག་མ་ནི་ལྟ་སྐོར་བས་ཕོ་བྲང་པོ་ཏ་ལའི་རྩེར་སོན་རིག་དངོས་འགྲེམས་སྟོན་ཐོག་བསྟན་པའི་རྫ་ཆས་ལ་ལྟ་བཞིན་པ།

    275396_yis_1615996800000_s.jpg

    2015ལོར་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་50འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོར་ཞུགས་པའི་ཀྲུང་དབྱང་སྐུ་ཚབ་ཚོགས་པས་བོད་ཀྱི་ཞིང་འབྲོག་པར་གནང་བའི་ཇ་དཀར་ཡིན་པ།

    275276_yis_1615996800000_s.jpg

    ཕོ་བྲང་པོ་ཏ་ལར་ཉར་ཚགས་བྱས་པའི་ཡོན་རྒྱལ་རབས་ཀྱི་མེ་ཏོག་པད་མ་བརྐོས་པའི་རྫ་ཆས་སྔོན་པོ་ཡིན་པ།

    QQ截图20210318102507.png

    ལྷ་ས་གྲོང་ཁྱེར་གླིང་སྐོར་ལམ་དུ་ཡོད་པའི་ཅིང་ཏེ་ཀྲེན་རྫ་ཆས་ཆེད་ཚོང་ཁང་དང་སྦྱིན་བདག་ཀྲོའུ་ཧྭ་ཡུང་ཡིན་པ།

    QQ截图20210318102519.png

    ལྷ་ས་གྲོང་ཁྱེར་གླིང་སྐོར་ལམ་དུ་ཡོད་པའི་ཅིང་ཏེ་ཀྲེན་རྫ་ཆས་ཆེད་ཚོང་ཁང་དང་སྦྱིན་བདག་ཀྲོའུ་ཧྭ་ཡུང་ཡིན་པ།

    བོད་འདི་ཉིད་ཡོན་རྒྱལ་རབས་ནས་བཟུང་ཀྲུང་དབྱང་སྲིད་གཞུང་གི་སྲིད་འཛིན་དོ་དམ་གྱི་མངའ་ཁོངས་སུ་བཅུག་རྗེས། རིག་གནས་མཉམ་འདྲེས་དང་དམངས་ཁྲོད་ཀྱི་སྤེལ་རེས་དེ་བས་ཟབ་ཏུ་ཕྱིན་ནས། ཡོན་རྒྱལ་རབས་ཀྱི་རྫ་ཆས་འབོར་ཆེན་བོད་དུ་དར།

    ཕོ་བྲང་པོ་ཏ་ལར་ཉར་ཚགས་བྱས་པའི་ཡོན་རྒྱལ་རབས་ཀྱི་མེ་ཏོག་པད་མ་བརྐོས་པའི་རྫ་ཆས་སྔོན་པོ་དེ་དཔང་རྟགས་ཡག་ཤོས་ཤིག་རེད།

    བསྡོམས་རྩིས་རགས་ཙམ་བྱས་པར་གཞིགས་ན། མིག་སྔར་བོད་ཀྱི་རྫ་ཆས་རྙིང་མའི་གྲངས་འབོར་ཁྲི་ལྷག་ཙམ་ཟིན་པ་དང་། ཡོང་ཁུངས་གཙོ་བོའི་གྲས་སུ་སྐབས་རིམ་བྱུང་གི་ཀྲུང་དབྱང་སྲིད་གཞུང་གིས་བོད་ཀྱི་བླ་མ་སྐྱེས་ཆེན་དང་དགོན་སྡེར་གནང་བ་དང་། བོད་ཀྱི་སེར་སྐྱ་མཐོ་རིམ་གྱིས་མངགས་བཟོ་དང་དེ་བཞིན་རྒྱ་བོད་ས་ཆ་གཉིས་ཀྱི་དམངས་ཁྲོད་ཉོ་ཚོང་སོགས་ཚུད་ཡོད། དེའི་ཁྲོད་མིང་རྒྱལ་རབས་དང་ཆིང་རྒྱལ་རབས་དུས་ཀྱི་དཔོན་རིགས་ཀྱིས་སྤྱད་པའི་ཅིང་ཏེ་ཀྲེན་རྫ་ཆས་ཅུང་མང་བ་དང་། མང་ཆེ་བ་ཕོ་བྲང་པོ་ཏ་ལ་དང་། ནོར་བུ་གླིང་ཁ། བོད་རང་སྐྱོང་ལྗོངས་རྟེན་རྫས་བཤམས་མཛོད་ཁང་། ས་སྐྱ་དགོན། བཀྲས་ལྷུན་དགོན་སོགས་སུ་ཉར་ཚགས་བྱས་ཡོད།

    འཛམ་གླིང་རིག་གནས་ཤུལ་བཞག་ནོར་བུ་གླིང་ཁ་དོ་དམ་ཁྲུའི་ཞིབ་འཇུག་པ་གཞོན་པ་ཟླ་སྒྲོན་གྱིས། “ལོ་རྒྱུས་ཐོག་ནས་བལྟས་ཚེ། ཅིང་ཏེ་ཀྲེན་དཔོན་རིགས་ཀྱིས་སྤྱོད་པའི་རྫ་ཆས་ཀྱི་རྒྱུན་འཛིན་དང་འཕེལ་རྒྱས་ལས་རྒྱ་བོད་མི་རིགས་ཕན་ཚུན་སློབ་སྦྱོང་དང་། མཉམ་འདྲེས་ཁྲོད་ཡར་ཐོན་དང་དེ་ནས་ཀྲུང་ཧྭའི་སྣ་མང་གཞི་གཅིག་གི་རིག་གནས་གྲུབ་པའི་བརྒྱུད་རིམ་ར་སྤྲོད་བྱས་ཡོད། དེ་བཞིན་ཅིང་ཏེ་ཀྲེན་གྱི་རྫ་ཆས་ནི་ཤེས་དཔལ་མཉམ་འདྲེས་དང་རིག་གནས་སྤེལ་རེས་ཀྱི་གཞི་རྟེན་ཞིག་ཡིན་ལ། རྒྱ་བོད་མི་རིགས་མཐུན་སྒྲིལ་དང་རྒྱལ་ཁབ་གཅིག་གྱུར་གྱི་དཔང་རྟགས་ཤིག་ཀྱང་ཡིན”ཞེས་བརྗོད། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།