
ཟླ་3ཚེས་14ཉིན་གྱི་ཞོགས་པ། ལྷ་སའི་མཁའ་དབྱིངས་ནས་ཁ་བའི་འདབ་མ་ལྷབ་ལྷུབ་ཏུ་བབས་ཤིང་། ལྷ་སའི་ཉེ་འཁོར་གྱི་རི་དང་གྲོང་ཁུལ་གཙོ་བོར་ཁ་བས་བཀླུབས་ནས་ཡུལ་ལྗོངས་ལྟ་ན་སྡུག་པ་ཞིག་ཏུ་སྣང་། འདི་ནི་ཟླ་3ཚེས་14ཉིན་གྱི་ཞོགས་པ། གྲོང་མི་དང་ཡུལ་སྐོར་བ་ཕོ་བྲང་པོ་ཏ་ལའི་ཐང་ཆེན་དུ་དྲན་རྟེན་པར་བརྒྱབ་ནས་གངས་བབས་རྗེས་ཀྱི་མཛེས་ལྗོངས་ལ་རོལ་བཞིན་པ།