
འདི་ལོའི་ཟླ་3ཚེས་12ཉིན་ནི་རང་རྒྱལ་གྱི་ནགས་ཚལ་བཅའ་ཁྲིམས་གསར་པ་ཁྱབ་བསྒྲགས་བྱས་རྗེས་ཀྱི་ཤིང་འཛུགས་དུས་ཆེན་དང་པོ་དེ་ཡིན་པས། རང་ལྗོངས་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་དམངས་ཡོངས་འོས་འགན་ཤིང་འཛུགས་བྱེད་སྒོར་ཧུར་ཐག་ཞུགས་ནས། ས་གཞི་སྔོ་ལྗང་དུ་བསྒྱུར་ཅིང་མི་རྣམས་ཀྱི་སེམས་ལ་སྔོ་ལྗང་གི་འདུ་ཤེས་ཆགས་པར་བྱས་པ་རེད། འདི་ནི་ཟླ་3ཚེས་12ཉིན་དྲག་ཆས་ཉེན་རྟོག་ལྷ་ས་ཉིང་ལག་རུ་ཁག་ལས་སྒྲུབ་རུ་འབྲིང་བཅུ་གཉིས་པས་ལྕགས་པོ་རིར་ཤིང་འཛུགས་བྱེད་སྒོ་སྤེལ་བཞིན་པ།