དབུ་ཤོག>གསར་འགྱུར།
  • ཝུ་ར་ཀུའེ་ཡི་ཙུང་ཐུང་གཞོན་པ་དང་འཕྲོད་བསྟེན་པུའུ་ཀྲང་གིས་ཀྲུང་གོས་ཐོན་སྐྱེད་བྱས་པའི་ཏོག་གསར་རིམས་འགོག་སྨན་ཁབ་གཟེད་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2021-03-11

     ཝུ་ར་ཀུའེ་ཡི་ཙུང་ཐུང་གཞོན་པ་ཨ་ཤིས་མོང་དང་སྤྱི་པའི་འཕྲོད་བསྟེན་པུའུ་ཀྲང་ཏན་ཉིར·ས་ལི་ན་སི་ཡིས་ཚེས་8ཉིན་རྒྱལ་ས་མོང་ཏེ་ཝེ་ཏི་ཡའི་སྨན་ཁང་ཞིག་ཏུ་ཀྲུང་གོ་ཁོའོ་ཤིང་ཀུང་སིས་ཞིབ་བཟོ་བྱས་པའི་ཏོག་གསར་རིམས་འགོག་སྨན་ཁབ་གཟེད་པ་རེད།

    ཨ་ཤིས་མོང་གིས་རིམས་འགོག་སྨན་ཁབ་གཟེད་པ་ནི་རང་ཉིད་ཀྱི་བདེ་ཐང་ལ་སྲུང་སྐྱོང་བྱེད་པའི་ཆེད་དུ་ཡིན། ང་རང་ཀྲུང་གོས་ཐོན་སྐྱེད་བྱས་པའི་ཏོག་གསར་རིམས་འགོག་སྨན་ཁབ་ལ་ཡིད་ཆེས་ཡོད་ལ་ཚན་རིག་གིས་ར་སྤྲོད་བྱས་པའི་ནུས་ལྡན་གྱི་རིམས་འགོག་སྨན་ཁབ་ཡོད་དོ་ཅོག་ལ་ཡིད་ཆེས་ཀྱང་ཡོད་ཅེས་བརྗོད།

    ཟླ་འདིའི་ཚེས་1ཉིན། ཝུ་ར་ཀུའེ་ཡིས་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ་རིན་མེད་ངང་ཏོག་གསར་རིམས་འགོག་སྨན་ཁབ་རྒྱག་པའི་ལས་དོན་སྤེལ་འགོ་ཚུགས་པ་དང་། སྔོན་ལ་དགེ་རྒན་དང་། དམག་མི། ཉེན་རྟོག་པ། མེ་གསོད་རུ་མི་སོགས་ཀྱི་ཚོགས་སྤྱིར་བརྒྱབ་པ་དང་། ད་རེས་ཀྱི་གཟའ་འཁོར་ནས་བཟུང་ཝུ་ར་ཀུའེ་ཡིས་ཏོག་གསར་རིམས་འགོག་སྨན་ཁབ་རྒྱག་ཁྱོན་ལོ་55ནས་ལོ་59བར་ཆེ་རུ་གཏོང་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།