དབུ་ཤོག>གསར་འགྱུར།
  • མོ་ཙམ་པི་ཁེར་ཀྲུང་གོས་རོགས་སྐྱོར་བྱས་པའི་ཏོག་གསར་རིམས་འགོག་སྨན་ཁབ་རྒྱག་འགོ་ཚུགས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2021-03-11

     མོ་ཙམ་པི་ཁེ་སྲིད་གཞུང་གིས་ཚེས་8ཉིན་རྒྱལ་ས་མོ་ཕུ་ཐོར་ཏོག་གསར་རིམས་འགོག་སྨན་ཁབ་རྒྱག་འགོ་ཚུགས་པའི་མཛད་སྒོ་འཚོགས་པ་དང་། མོ་ཙམ་པི་ཁེའི་འཕྲོད་བསྟེན་པུའུ་ཀྲང་ཏི་ཡ་ཀེ་ཡིས་མཛད་སྒོའི་ཐོག་ཀྲུང་གོས་རོགས་སྐྱོར་བྱས་པའི་རྒྱལ་སྨན་ཚོགས་པའི་ཏོག་གསར་རིམས་འགོག་སྨན་ཁབ་སྔོན་གཟེད་ནས་མོ་ཙམ་པི་ཁེའི་ཀྲུང་གོས་ཐོན་སྐྱེད་བྱས་པའི་རིམས་འགོག་སྨན་ཁབ་གཟེད་མཁན་དང་པོ་དེར་གྱུར་པ་རེད།

    ཏི་ཡ་ཀེ་ཡིས་མོ་ཙམ་པི་ཁེ་སྲིད་གཞུང་གི་ཚབ་ཞུས་ནས་ཀྲུང་གོ་སྲིད་གཞུང་དང་མི་དམངས་ཀྱིས་རིམས་འགོག་སྨན་ཁབ་རོགས་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞུས་ཤིང་། ཁོང་གིས་རིམས་འགོག་སྨན་ཁབ་རྒྱག་པ་ནི་མོ་ཙམ་པི་ཁེའི་ངོས་ནས་བརྗོད་ན་ལོ་རྒྱུས་རང་བཞིན་གི་དུས་སྐབས་ཤིག་ཡིན་པས། དེས་མོ་ཙམ་པི་ཁེས་རིམས་ནད་ལས་རྣམ་པར་རྒྱལ་བའི་ཡིད་ཆེས་ཆེ་རུ་འགྲོ་ངེས་རེད་ཅེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།