ཉེ་བའི་ལོ་ཤས་རིང་། བོད་ཀྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ་དང་། འཕེལ་རྒྱས་དང་། འདྲ་མཉམ། མཐུན་སྒྲིལ། རོགས་རེས། ཞི་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་སྲ་བརྟན་དང་འཕེལ་རྒྱས་བཏང་བ། མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་བཏང་བ། མི་རིགས་མཐུན་སྒྲིལ་ཡར་ཐོན་སྲོལ་ཡིག་ཞིབ་འཇུག་བྱས་ནས་གཏན་འཁེལ་དང་དོན་འཁྱོལ་བྱས་ཡོད། ཚན་པ་41ལ་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཚན་པའི་མིང་ཐོབ་པ་དང་། ཚན་པ་8ལ་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་སློབ་གསོའི་རྟེན་གཞིའི་མིང་ཐོབ་པ། གཞིས་རྩེ་གྲོང་ཁྱེར་སོགས་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་གྲོང་ཁྱེར་དུ་གྲུབ་འབྲས་ཐོབ་པའི་ངང་བསྐྲུན་པ་བཅས་ལྗོངས་ཡོངས་ཀྱི་མི་རིགས་ཁག་སེ་འབྲུའི་གོང་བུ་བཞིན་རྡོག་རྩ་གཅིག་ཏུ་བསྒྲིལ་ཡོད།
མི་རིགས་མཐུན་སྒྲིལ་སློབ་གསོའི་ཞིབ་འཇུག་བྱ་གཞིར་ཞིབ་འཇུག་ཡུན་རིང་གནང་མཁན་བོད་བཞུགས་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་བོད་ལྗོངས་སློབ་ཆེན་ཀྲུང་གོ་གྲངས་ཉུང་མི་རིགས་དཔལ་འབྱོར་ཆེད་ལས་ཀྱི་འབུམ་རམས་ཞིབ་འཇུག་སློབ་མའི་སློབ་དཔོན་དགེ་རྒན་ཆེ་མོ་བ་ཐུབ་བསྟན་མཁས་གྲུབ་ཀྱིས། མི་རིགས་ས་ཁུལ་གྱི་གཞོན་ནུ་ལོ་ཆུང་ནི་མི་རིགས་ཁག་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གལ་ཆེན་ཞིག་ཡིན་པར་བརྟེན། མི་རིགས་ས་ཁུལ་གྱི་གཞོན་ནུ་ལོ་ཆུང་གི་མི་རིགས་མཐུན་སྒྲིལ་གྱི་སློབ་གསོའི་ལས་དོན་ཡག་པོ་བསྒྲུབ་རྒྱུ་ནི། གཞོན་ནུ་ལོ་ཆུང་གི་སློབ་གསོའི་ལས་དོན་གྱི་ནང་དོན་གལ་ཆེན་ཞིག་རེད་ཅེས་གསུངས་པ་རེད།
ཐུབ་བསྟན་མཁས་གྲུབ་ཀྱིས། བོད་ཀྱི་གསར་བརྗེའི་རིག་གནས་སློབ་གསོའི་ཐོན་ཁུངས་ཟམ་མི་ཆད་པར་སྔོག་འདོན་དང་གསར་བརྗེའི་རིག་གནས་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་སྤེལ་རྒྱུ་གསར་གཏོད་བྱས་ཏེ་རིག་གནས་མཉམ་འདྲེས་དང་། བྱེད་སྒོས་སྣེ་ཁྲིད། ཞིབ་འཇུག་བྱ་གཞིར་ཞིབ་འཇུག་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་གསར་བརྗེའི་རིག་གནས་སློབ་གྲྭའི་བསམ་བློ་ཆབ་སྲིད་སློབ་གསོའི་ཐོན་ཁུངས་ཀྱི་ལེགས་ཆར་བརྩེ་བ་དང་། གསར་བརྗེའི་རིག་གནས་ཐོན་ཁུངས་སློབ་གྲྭའི་རིག་གནས་འཛུགས་སྐྱོང་དང་འབྲེལ་འདྲིས་བྱ་རྒྱུར་སྐུལ་འདེད་བཏང་སྟེ་སློབ་མའི་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟབ་ཏུ་གཏོང་དགོས་པའི་གྲོས་འགོ་བཏོན་གནང་བ་རེད།
རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཀྱི་སྔ་ནུབ་ཏུ་གསར་འགོད་པ་བོད་བཞུགས་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་བློ་བཟང་བསམ་གཏན་གྱི་ཁྱིམ་དུ་སྐྱོད་སྐབས་རྒྱལ་སྒོའི་སྟེང་དུ་བཀལ་བའི“ཡ་རབས་ཁྱིམ་ཚང”ཞེས་པའི་བྱང་བུ་ཉི་འོད་ཁྲོད་གསེར་འོད་ཆེམ་ཆེམ་འཕྲོ་བཞིན་འདུག རང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་བྱ་གཞག་འཕེལ་རྒྱས་ལ་བོད་བཞུགས་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་བློ་བཟང་བསམ་གཏན་གྱིས་རེ་སྒུག་ཆེན་པོ་གནང་ཞིང་། ཁོང་གིས“རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་གི་སྔོན་ཐོན་མི་སྒེར་དང་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་གི་སྔོན་ཐོན་མི་སྒེར་ཡིན་པའི་ངས་ཏང་གི་དམངས་ཕན་སྲིད་ཇུས་མང་ཚོགས་ལ་མུ་མཐུད་དྲིལ་བསྒྲགས་བྱས་ཏེ། མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་འཕེལ་རྒྱས་བརྟན་ལྷིང་ལ་རང་ཉིད་ཀྱི་ལེགས་སྐྱེས་འབུལ་རྒྱུ་ཡིན”ཞེས་གསུངས་བྱུང་།
བོད་བཞུགས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། ཧྲི་ཀྲང་བཅས་ཡིན་པའི་སྒོར་སྒོར་གྱིས“ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་རིགས་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་གཞག་ལ་ཐུགས་ནུས་འབོར་ཆེན་སྐྱེས་སུ་ཕུལ་ཡོད། བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་50འཁོར་བར་རྟེན་འབྲེལ་ཞུ་བའི་མཚམས་སུ་ཆེད་མངགས‘མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་དགོས’ཞེས་པའི་མཛུབ་སྟོན་གལ་ཆེན་གནང་བ་དང་། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་ཐོག་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་སྐྱེད་སྲིང་ཤུགས་ཆེན་བྱེད་དགོས་པའི་ནན་བཤད་གནང་བ། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་ཐོག་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟབ་ཏུ་གཏོང་དགོས་པའི་ནན་བཤད་གནང་ཡོད། སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་རབ་དང་རིམ་པ་དེ་དག་ལས་བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་བཅོལ་བའི་ཐུགས་རེ་ཟབ་མོ་མཚོན་གྱི་ཡོད་ལ། ང་ཚོས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་གཞག་ལ་སྐུལ་འདེད་གཏོང་བར་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་སའང་མཁོ་འདོན་གནང་ཡོད”ཅེས་གསུངས་པ་རེད།
“མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུ་དེ་བོད་ཀྱི་ལས་དོན་གྱི་དམིགས་ས་དང་ཤུགས་རྒྱག་ས་ཡིན་པའི་ངོས་ནས། ལྷ་ས་གྲོང་ཁྱེར་གྱིས་དེ་ཉིད་དམིགས་ཚད་དང་ཚད་གཞིར་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་བྱེད་སྒོ་རྒྱུན་མཐུད་གཏིང་ཟབ་ཏུ་གཏོང་བ་དང་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་གཞི་རྟེན་ཕུན་སུམ་ཚོགས་སུ་དང་ཐབས་ལམ་ཡངས་སུ་བཏང་ནས་རང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་གི་རྣམ་པ་གསར་པ་ཟམ་མི་ཆད་པར་བཏོད་ཡོད”ཅེས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། ཧྲི་ཀྲང་བཅས་ཡིན་པའི་སྒོར་སྒོར་གྱིས་གསུངས་པ་རེད།